
00:00
02:29
三聚姑娘-多吉仁青
歌词
相关信息
བུ་མོ་གསུམ་འཛོམས།
三聚姑娘
ཚིག། ཁྱུང་ཡོན།
词:琼拥
དབྱངས། ནོར་བུ།
曲:罗布
གླུ་པ། རྡོ་རྗེ་རིན་ཆེན།
演唱:多吉仁青
ལྷ་སའི་བར་སྐོར་ལམ་དུ། །
སྐོར་བར་འགྲོ་མཁན་ཨེ་འདུག །
ཨ་ཅག་ལྷ་སའི་བུ་མོས། །
བོད་ཇ་གསོལ་ཚར་ཨེ་འདུག །
ལྷ་སའི་ཁྲོམ་གཟིགས་ཁང་དུ། །
ཚོང་པ་མང་པོ་ཨེ་འདུག །
ཨ་ཅེ་ཁམས་པའི་བུ་མོས། །
གཡུ་ཆུང་བཙོངས་ཚར་ཨེ་འདུག །
ཇོ་བོ་ཡིད་བཞིན་ནོར་བུ། །
སྐུ་ཁམས་བདེ་མོ་ཨེ་རེད། །
ཞི་མོ་ཨ་མདོའི་བུ་མོས། །
ཞལ་རས་མཇལ་ཚར་ཨེ་འདུག །