康索次歌曲封面
00:00
01:20
🔊

谢旦བོད་ལ་ཡོད་དོ།

专辑
谢旦老师经典老歌
发行日期
2022-10-23
流派
暂无
时长
01:20
播放次数
2,356,789
收藏人数
156,432
歌词
相关信息

བོད་ལ་ཡོད་དོ།

རྡུང་ལེན་པ། ཤེར་བསྟན།

རི་བོ་བརྒྱ་ཡི་གཙུག་ཕུད། །

གཉན་ཆེན་ཐང་ལྷའི་རི་རྒྱུད། །

གོས་དཀར་དར་གྱིས་བཀླུབས་བཞིན། །

བརྗིད་ཉམས་ཀུན་ལས་མཚར་བ། །

ཆུ་མོ་བརྒྱ་ཡི་མ་མ། །

བྱང་གི་གནམ་མཚོ་ཕྱུག་མོ། །

སྔོ་ལྗང་དར་གོས་རྒྱན་གྱིས། །

མཛེས་ཉམས་ཡིད་ལ་མཚར་རོ། །

རིག་གཞུང་ཀུན་གྱི་མ་ཡིག །

བོད་ཀྱི་ཆོས་གཞུང་རིགས་པ། །

ཚན་རིག་ཤེས་བྱར་མཐུན་པ། །

ངོ་མཚར་སྟོང་གིས་ཕྱུག་སོང་། །

历史记录

!
提示
播放失败哦,因为我没有版权😂哈哈哈。