康索次歌曲封面
00:00
03:24
🔊

谢旦 ཕ་སྐད་ཀྱི་རང་མདངས།

专辑
谢旦老师经典老歌
发行日期
2022-10-23
流派
暂无
时长
03:24
播放次数
2,356,789
收藏人数
156,432
歌词
相关信息

ཕ་སྐད་ཀྱི་རང་མདངས།

ལེན་མཁན། ཤེར་བསྟན།

ངའི་བསིལ་ལྡན་གངས་རིའི་ཞིང་ཁམས་ལ།།

དགུང་ཉི་ཟླ་སྐར་གསུམ་ལམ་སེ་ལམ།།

ནང་སྦྲང་ཆར་ཟིལ་མ་ཤིག་སེ་ཤིག །

ང་བོད་པའི་རྟེན་འབྲེལ་རང་འགྲུབ་རེད།།

གནས་གཙུག་ལག་ཁང་བཟང་ཕོ་བྲང་ན།།

ཆོས་མདོ་སྔགས་བཀའ་བསྟན་རི་རབ་བརྩིགས།།

ནང་རིག་གནས་ཆེ་ཆུང་རྒྱ་མཚོ་འཁྱིལ།།

ང་བོད་པའི་རྟེན་འབྲེལ་རང་འགྲུབ་རེད།།

བློན་ཐོན་མི་ཨ་ནུའི་སྐུ་དྲིན་ལ།།

བོད་དབྱངས་ཡིག་གསལ་བྱེད་གསེར་འོད་འཕྲོ།།

ནང་ཤེས་རིག་སྟོང་གི་མེ་ཏོག་འཛུམ།།

ང་བོད་པའི་རྟེན་འབྲེལ་རང་འགྲུབ་རེད།།

ངའི་ཕ་སྐད་རིན་ཆེན་གསེར་ནག་རེད།།

ངའི་མ་ཡིག་དྭངས་གཙང་འོ་མ་རེད།།

ནང་མཐུན་སྒྲིལ་དར་དཀར་རིང་མོ་རེད།།

ང་བོད་པའི་རྟེན་འབྲེལ་རང་འགྲུབ་རེད།།

སྐད་གཙང་མ་བོད་པའི་ཕ་ནོར་རེད།

དབྱངས་ཨ་ཡིག་བོད་པའི་རྒྱན་ཆ་རེད།།

ནང་ཆ་ལུགས་བོད་པའི་རང་གཤིས་རེད།།

བོར་མི་ཉན་གནམ་གྱི་སྲུང་རྒྱུ་ཚོ།

བོར་མི་ཉན་གནམ་གྱི་སྲུང་རྒྱུ་ཚོ།

历史记录

!
提示
播放失败哦,因为我没有版权😂哈哈哈。