
00:00
03:46
刚珠多吉(心中的姑娘)
歌词
相关信息
作词 : 康索次
作曲 : 康索次
编曲 : 康索次
སེམས་ནང་གི་བུ་མོ།
ཚིག། འདན་མ་ནོར་བུ།
དབྱམས། འདན་མ་ནོར་བུ།
གཞས་པ། གངས་ཕྲུག་རྡོ་རྗེ།
བུ་མོ་བརྒྱ་ཚོགས་སྟོང་འདུས་ན།
རང་སེམས་འཁོར་བའི་མཛའ་མོ་ཞིག།
ཤ་ཡང་ཚ་ལ་སྙིང་ཡང་རྗེ་མོ།
ཨ་་་་་་བུ་མོ།
སེམས་ལ་འབུབ་པའི་ལོ་ཆུང་མ།
མི་ཚོགས་མང་པོའི་ཁུག་སོ་ན།
ཡིད་དབང་འཕྲོད་པའི་མཛའ་ངོ་ཞིག།
ཕར་ཡང་དགའ་ལ་ཚུལ་ཡང་དུང་བའི།
ཨ་་་་་་བུ་མོ།
ང་ཡི་སེམས་ཀྱི་ཡིད་འཕྲོད་མ།
ན་ཆུང་རྩེད་འཇོ་རོལ་ས་ན།
ང་ལ་དགོས་པའི་མཛེས་མ་ཞིག།
ཤ་ཡང་ཚ་ལ་སྙིང་ཡང་རྗེ་མོ།
ཨ་་་་་་བུ་མོ།
སེམས་ལ་འབུབ་པའི་ལོ་ཆུང་མ།
ཤ་ཡང་ཚ་ལ་སྙིང་ཡང་རྗེ་མོ།
ཨ་་་་་་བུ་མོ།
སེམས་ལ་འབུབ་པའི་ལོ་ཆུང་མ།