
00:00
02:38
刚珠多吉(思念父母)
歌词
相关信息
作词 : 康索次
作曲 : 康索次
编曲 : 康索次
ཕ་མ་དྲན་གླུ།
思念父母
ཚིག གངས་ཕྲུག་རྡོ་རྗེ།
དབྱངས འདན་མ་ནོར་བུ།
གཞས་པ། གངས་ཕྲུག་རྡོ་རྗེ།
དབྱར་སྤང་ལྗོངས་མཛེས་པའི་མེ་ཏོག་གང་།།
རྟ་ནོར་ལུག་མ་བུ་ལྷན་དུ་འཛོམས།།
ལས་བསོད་ནམས་མེད་པའི་དྭ་ཕྲུག་ང་།།
དྲིན་ཕ་མ་མིག་གི་མི་མཐོང་གི །
དྲིན་ཕ་མ་མེད་པའི་དྭ་ཕྲུག་ང་།།
སེམས་སྡུག་པའི་མིག་ཆུ་གཏོང་གཞིན་དུ།།
ལམ་ཀྱག་ཀྱོག་བརྒྱུད་ནས་མི་ཡུལ་འགྲིམས།།
དྲིན་ཕ་མ་ལན་གཅིག་མཇལ་ན་བསམ།།
ཨོ་ཧོ་ཧོ་་་་ང་ཡི་ཕ་མ། བུ་ངའི་ཁྱེད་གཉིས་དྲན།
ངའི་བརྩེ་བའི་བྱམས་ལྡན་ཕ་མ་གཉིས།།
དུས་ད་ལྟ་ས་ཕྱོགས་གང་ན་ཡོད།།
སྤྱི་ནང་མི་མཉམ་དུ་འཛོམས་དུས་སུ།།
དྲིན་ཕ་མ་མཉམ་དུ་ཡོད་ན་བསམ།།
སྡུག་མི་འཁྱགས་ཨ་ཐང་ཆད་དུས་སུ།།
དྲིན་ཕ་མ་འགྲམ་དུ་ཡོད་ན་བསམ།།
ཨོ་ཧོ་ཧོ་་་ང་ཡི་ཕ་མ་ལགས། བུ་ངའི་ཁྱེད་གཉིས་དྲན།
ལས་བསོད་ནམས་མེད་པའི་དྭ་ཕྲུག་ངས།།
དྲིན་ཕ་མ་མྱུར་དུ་མཇལ་བའི་སྨོན་ལམ་འདེབས།།