康索次歌曲封面
00:00
02:49
🔊

谢旦དུས་ཀྱི་མི་རབས།

专辑
谢旦老师经典老歌
发行日期
2022-10-23
流派
暂无
时长
02:49
播放次数
2,356,789
收藏人数
156,432
歌词
相关信息

གཞས་པ:ཤེརབསྟན

ང་ཡི་མི་རིགས་ཀྱི་གཞོན་སྐྱེས་རྣམ་པ།།

ལྟ་བ་རྙིང་ཞེན་ཞེས་དགག་ཚིག་མ་མང།།

མེས་པོ་གོང་མ་ཚོ་འི་མཛད་རྗེས་བཟང་པོས།།

འཛམ་གླིང་ཡང་རྩེ་ནས་གོ་གནས་འཛིན་མྱོང།།

__________________________

ང་ཡི་མི་རིགས་ཀྱི་རྒན་རབས་རྣམ་པ།།

དེང་རབས་གསར་སྐྱེས་ཚོར་ལྟ་ལོག་མ་ཟེར།།

དུས་རབས་གསར་བ་ལ་ཁ་ཕྱོགས་རྙིང་བས།།

འཛམ་གླིང་མི་གྲལ་ལ་སྙེག་ཐབས་མི་འདུག།།

____________________________

དུས་རབས་གསར་རྙིང་གི་སོ་ཁ་འཐབ་དུས།།

མི་རབས་གསར་རྙིང་གི་ལྟ་སྤྱོད་མི་མཐུན།།

བསམ་བློ་དཀྱེལ་ཡངས་ཀྱི་སྒྲོམ་གཞིའི་ཐོག་ནས།།

མི་རིགས་གནས་བབ་ལ་ཐུགས་ཁུར་གནང་རོགས།།

_____________________________

རང་གི་མི་རིགས་ལ་བསམ་པ་དཀར་ན།།

མ་འོངས་གངས་ལྗོངས་ཀྱི་ཁྱིམ་གཞི་གསར་བ།།

མི་རབས་གསར་བ་ལ་སྤྲོད་ཐབས་དགོས་པས།།

རང་རང་ལམ་ཁ་ནས་བསམ་བློ་གཏོང་རོགས།།

历史记录

!
提示
播放失败哦,因为我没有版权😂哈哈哈。