仁增太歌曲封面
00:00
02:34
🔊

专辑
发行日期
2021-04-16
流派
暂无
时长
02:34
播放次数
2,356,789
收藏人数
156,432
歌词
相关信息

作词 : 赤隆多

作曲 : 德白

扎木念:仁增太

曼陀铃:周强加

吉他:周强加

录音后期:周强加

ལས་དབང་བཙན་པོ་ཞིག་གིས།

ཨ་མདོའི་བུ་ཆུང་ང་རང་།

མཛེས་སྡུག་ལྷ་སའི་ཡུལ་ལྗོངས།

མཇལ་བའི་སྐལ་བ་ལྡན་སོང་།

ཕོ་བྲང་པོ་ཏ་ལ་ཡི།

རྒྱལ་ཕིབས་སེར་པོ་མཐོང་དུས།

སེམས་པ་དགའ་སྤྲོའི་ཁེངས་ནས།

ཐལ་མོ་སྙིང་ཁར་སྦྱར་སོང་།

ཡིད་འོང་ཕོ་བྲང་པོ་ཏ།

མཇའ་ཚོན་སྣ་ལྔས་བསྐོར་དུས།

སྔོན་བྱོན་མཁས་དབང་དམ་པ།

དྲན་པའི་མིག་ཆུ་ཤོར་སོང་།

ནམ་མཁའི་བླ་མ་དཀོན་མཆོག

ང་ལ་སྙིང་རྗེས་གཟིགས་རོགས།

དཔྱིད་ཀྱི་སྦྲང་མ་སེར་པོ།

ང་ལ་སྐྱོ་རོགས་མཛད་རོགས།

ཨ་སྔོན་མཐོན་པོའི་དབྱིངས་ཀྱི།

ལྷ་བྱ་ཁྲུང་ཁྲུང་དཀར་པོ།

ཕ་ཡུལ་ཨ་མདོའི་ཕྱོགས་སུ།

དྲན་པའི་གཞས་ཤིག་བསྐུར་ཡོད།

དྲིན་ཆེན་ཕ་ལོ་མ་ལོ།

ལས་དབང་བཙན་པོའི་འོག་ན།

ལོ་དང་ཟླ་བའི་བར་ནས།

མཇལ་བའི་སྐལ་བ་ཤར་སོང་།

ལོ་དང་ཟླ་བའི་བར་ནས།

མཇལ་བའི་སྐལ་བ་ཤར་སོང་།

མཇལ་བའི་སྐལ་བ་ཤར་སོང་།

历史记录

!
提示
播放失败哦,因为我没有版权😂哈哈哈。