
00:00
01:40
谢旦-难忘的爱恋
歌词
相关信息
བརྗེད་མེད་དུང་སེམས་ཀྱི་བསུ་བ།།
གཞས་པ་་་་ཤེར་བསྟན
གཡུ་མདོག་སྔོན་པའི་ཁྲོད་ནས།།
མཛའ་མཐུན་ཁུ་བྱུག་སྔོན་མོ།།
སྙན་འཇེབས་དབྱངས་སྙན་སྒྲོགས་དང།།
དཔྱིད་ཀྱི་དཔལ་ཡོན་བསུ་འགྲོ།།
ན་ཐང་མཛེས་ལྗོངས་ཚལ་ནས།།
ཉམས་དགའ་གསེར་སྦྲང་གཞོན་ནུ།།
འཕུར་ལྡིང་གར་ལ་རོལ་དང།།
སེར་ཆེན་མེ་ཏོག་བསུ་འགྲོ།།
དྭངས་བསིལ་མཚོ་མོའི་ཁ་ནས།།
ཡིད་འོང་ངང་པ་སེར་པོ།།
རྐྱལ་རྩལ་ཉམས་དགུ་ངོམས་དང།།
ཁྲུང་ཁྲུང་དཀར་མོ་བསུ་འགྲོ།།
བསི་ལྗོངས་གངས་རིའི་འདབས་ནས།།
བྱམས་ལྡན་གངས་ཕྲུག་གཞོན་ནུ།།
ལ་རྒྱའི་དུང་སེམས་བཅང་དང།།
རང་རེའི་སྐྱབས་མགོན་བསུ་འགྲོ།།