
00:00
02:11
人生无常-久巴 塔达
歌词
相关信息
编曲 : 康索次
ད་ལོའི་བརྩེ་བའི་གྲོགས་པོ།།
སང་ལོར་སྲོག་གི་གཤེད་མ།།
མི་འགྱུར་ངེས་པ་མེད་པས།།
སྙིང་གཏམ་བཤད་སྔ་མ་བྱེད།།
བཤད་སའི་མི་ལ་ཆ་རྒྱུས་ཡོད་དགོས།
བཤད་པའི་གཏམ་དེ་ཁ་ཁོག་མཚུངས་དགོས།
མི་ལ་ཆ་རྒྱུས་ཡོད་ན།
གྲོགས་ལ་བློ་གཏད་བྱེད་ཆོག
ད་ལོའི་སྙིང་གི་མཛའ་གྲོགས།།
སང་ལོར་གྱོད་ཀྱི་སྣ་འདྲེན།།
མི་རེད་ངེས་པ་མེད་པས།།
གསང་གཏམ་གླེང་སྔ་མ་བྱེད།།
སེམས་ཀྱི་རོགས་ལ་ཕྱི་ཐག་ཡོད་དགོས།
གསང་བའི་ཚིག་ལ་དམ་ཚིག་བསྲུང་དགོས།
རོགས་ལ་ཆ་རྒྱུས་བྱུང་ན།
གསང་བའི་སྙིང་གཏམ་གླེང་ཆོག
ད་ལོའི་གཉེན་ཉེ་འདང་ཆེན།།
སང་ལོར་ཐོད་ཀྱི་དགྲ་བོ།།
མི་ཡོང་ངེས་པ་མེད་པས།།
ཡིད་ཆེས་བྱེད་སྔ་མ་བྱེད།།
འདང་ཆེན་མི་ལ་བློ་སྣ་རིང་དགོས།
ཕན་ཚུན་བར་ལ་བློ་སེམས་དཀར་དགོས།
གཉེན་ལ་འགྱུར་ལྡོག་མེད་ན།
སེམས་ཀྱི་བློ་ཕུགས་གཏད་ཆོག།