
悲吟
སྐྱོ་བའི་འཕྲེང་གླུ།
ཚིག མཁན་འཇིགས་མེད་འགྲོ་ཕན།
དབྱངས། སྐལ་བཟང་སྦྱིན་པ།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
རོལ་མོ་སྒྲིག་བཟོ། ཤེར་བྷ།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
འཕྲེད་གླིང་། ཧཱན་ཀྲན་བོའུ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཕཱིན་ཙི།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། ཟླ་ཚང་དཀར་མོ་སྐྱིད།
ངས་རི་གསུམ་རྩེ་ནས་གླུ་ཞིག་ལེན། །
རྫ་ཁྱ་ཡག་ཕྱི་ལུང་ནང་ལུང་རེད། །
སྨུག་ལང་ལོང་ལ་ཁའི་མགོ་རུ་རེད། །
གོན་བསམ་རུང་ད་ཡོད་ད་མེད་རེད། །
ཡ་ལ་སོ། ཡ་ལ་སོ། གོན་བསམ་རུང་ད་ཡོད་ད་མེད་རེད། །
ངས་ལུང་གསུམ་མདོ་ནས་གླུ་ཞིག་ལེན། །
རི་སྨུག་ཆུང་ཕྱི་ལུང་ནང་ལུང་རེད། །
ཆར་ཟམ་ཟིམ་ཁུ་ཡུག་སྐོམ་ཆུ་རེད། །
འཐུང་བསམ་རུང་ད་ཡོད་ད་མེད་རེད། །
ཡ་ལ་སོ། ཡ་ལ་སོ། འཐུང་བསམ་རུང་ད་ཡོད་ད་མེད་རེད། །
ངས་གྲོང་གསུམ་མཐའ་ནས་གླུ་ཞིག་ལེན། །
སྡེ་ཆེན་པོ་ཕྱི་ལུང་ནང་ལུང་རེད། །
སྙན་སང་སང་མི་རྟག་མགྲོན་པོ་རེད། །
ཉན་བསམ་རུང་ད་ཡོད་ད་མེད་རེད། །
ཡ་ལ་སོ། ཡ་ལ་སོ། ཉན་བསམ་རུང་ད་ཡོད་མེད་རེད། །