
情歌
作词 : 岗赛青
作曲 : 仁增太
编曲 : 智瓦泽旺
བརྩེ་གཞས་ཕྲ་མོ།
གཞས་ཚིག རྐང་གསེར་ཆེན།
གཞས་གདངས། རིག་འཛིན་ཐར།
གཞས་པ། རིག་འཛིན་ཐར།
ཕ་གའི་སྡེ་ཆེན་གྲོང་གི །
ན་ཆུང་འབྲོག་རུའི་བུ་མོ།།
ཟུར་མིག་ང་ལ་མ་འཕེན།།
སེམས་པ་ཤོར་པའི་རྒྱུ་རེད།།
དགའ་བ་ཡོད་མེད་མ་འདྲི།།
བརྩེ་བ་འཛུམ་གྱིས་རྒྱན་ཡོད།།
ཞེན་པའི་གཏམ་འདི་བདེན་ན།།
དགའ་བའི་གཞས་རེ་ངས་ལེན།།
ཞང་ཡ་རེ་ལོ།
ཞེན་པའི་གཏམ་འདི་བདེན་ན།།
དགའ་བའི་གཞས་རེ་ངས་ལེན།།
སོ་སོའི་ལུང་པར་ཆས་དུས།།
ཞེ་མཐུན་འབྲོག་རུའི་བུ་མོ།།
མིག་ཆུ་གཏོང་བ་མ་གནང་།།
སེམས་པ་སྟོང་བའི་རྒྱུ་རེད།།
སེམས་སུ་ཡོད་མེད་མ་འདྲི།།
དྲན་པ་སྟོང་གི་ཁྲོད་ན།།
ཉིན་དང་མཚན་ལ་དྲན་པ།།
འབྲོག་རུའི་བུ་མོ་ཁྱོད་ཡིན།།
ཞང་ཡ་རེ་ལོ།
ཉིན་དང་མཚན་ལ་དྲན་པ།།
འབྲོག་རུའི་བུ་མོ་ཁྱོད་ཡིན།།
འགྲོགས་ཡུན་རིང་ཡང་ཐུང་ཡང་།།
སྙིང་སྡུག་འབྲོག་རུའི་བུ་མོ།།
སྙིང་གཏམ་རི་ལ་མ་སྐུར།།
མྱི་ཁ་འཁོར་བའི་རྒྱུ་རེད།།
མི་ཚེ་སྐྱིད་ཀྱང་སྡུག་ཀྱང་།།
སེམས་མཐུན་འབྲོག་རུའི་བུ་མོ།།
ལ་མོ་བརྒལ་རོགས་ཁྱོད་ཡིན།།
ལས་ཀྱི་སྨོན་ལམ་ཁྱོད་ཡིན།།
ཞང་ཡ་རེ་ལོ།
ལ་མོ་བརྒལ་རོགས་ཁྱོད་ཡིན།།
ལས་ཀྱི་སྨོན་ལམ་ཁྱོད་ཡིན།།
ལ་མོ་བརྒལ་རོགས་ཁྱོད་ཡིན།།
ལས་ཀྱི་སྨོན་ལམ་ཁྱོད་ཡིན།།
ཡིག་སྒྱུར། གླིང་གེ་སར་ཡིག་སྒྱུར་ཞབས་ཞུ་ལས་སྒྲུབ་ཁང་།