康索次歌曲封面
00:00
03:34
🔊

无缘的人_西绕生格

专辑
无缘的人
发行日期
2024-10-30
流派
暂无
时长
03:34
播放次数
2,356,789
收藏人数
156,432
歌词
相关信息

ལས་འཕྲོ་མེད་པའི་བྱམས་པ།།

ཚིགཔི་ཝང་སྒྲ་ཆུང་།

དབྱངས།  བསྟན་འཛིན་ལྷུན་འགྲུབ།

གཞས་པ།  ཤེས་རབ་སེང་གེ།

དང་པོ་ཁྱེད་རང་མཇལ་དུས།།

ལས་འཕྲོ་ཡོད་པ་བསམ་བྱུང་ལ།།

བར་དུ་འབྲེལ་མཐུད་ཟབ་པས།།

ཁྱེད་ལས་བསམ་པ་མི་འདུག།

བུ་མོ་བཀྲ་ཤིས་སྒྲོལ་མ།།

བུ་ངའི་ཚེ་འདེིའི་དགའ་ས་ཡིན།།

ཉིན་མོ་དྲན་པ་ཁྱེད་རེད།།

མཚན་ལ་རྨི་ལམ་ཁྱེད་ཡིན།།

ཁྱེད་རང་མེད་པའི་དུས་ལ།།

སེམས་ལ་གནས་པ་མི་འདུག་གོ།

ལུས་པོ་སེམས་པས་འཁྱེར་སོང་།།

སེམས་ལ་རང་དབང་མི་འདུག།

ང་ཉིད་གཉིས་པོའི་ལས་དེ།།

ཉི་མ་ཟླ་བའི་ལས་རེད་ལ།

འཆར་སའི་གནས་ཡུལ་ཅིག་རུང་།

མཉམ་དུ་འདུག་དབང་མ་བྱུང་།།

ཡ་གིའི་ཨ་སྔོན་སྟེང་ན།།

སྐར་མ་གཅིག་ཤར་གཉིས་ཤར་རེད།།

སེམས་ལ་ཡོད་པའི་སྨིན་དྲུག།

ནུབ་རིའི་མཐའ་ལ་བཞུད་སོང་།

མ་གིའི་སྡེ་ཆེན་གྲོང་ན།་།

མཛེས་མ་བརྒྱ་འགྲོ་སྟོང་འགྲོ་རེད།།

སེམས་ལ་སོང་བའི་མི་དེ།།

ནམ་མཁའི་འཇའ་ལྟར་ཡལ་སོང་།

历史记录

!
提示
播放失败哦,因为我没有版权😂哈哈哈。