南木卡歌曲封面
00:00
03:35
🔊

孤独的歌

专辑
南木卡弹唱艺术
发行日期
2025-01-02
流派
暂无
时长
03:35
播放次数
2,356,789
收藏人数
156,432
歌词
相关信息

ཁེར་རྐྱང་གི་གླུ།

ཚིག གསེར་ཚང་དར་འབུམ་རྒྱལ།

དབྱངས། དམངས་ཁྲོད།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

རོལ་མོ་སྒྲིག་བཟོ། ཤེར་བྷ།

མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།

སྒྲ་ལེན་པ། ཤེར་བྷ།

སྒྲ་ཞིབ་སྦྱོར། ཤེར་བྷ།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།

ཡིག་སྒྱུར། ཟླ་ཚང་དཀར་མོ་སྐྱིད།

སྐྱེས་པའི་ཡུལ་དང་བྲལ་སོང་།།

བསྐྱངས་པའི་ཡུམ་ཡང་དྲན་སོང་།།

སྐྱིན་ཐང་བུ་ཡུག་རྒོད་པོ།།

རུས་པའི་གཏིང་ལ་བརྒྱབ་བྱུང་།།

སྐྱིན་ཐང་བུ་ཡུག་རྒོད་པོ།།

རུས་པའི་གཏིང་ལ་བརྒྱབ་བྱུང་།།

འགྲོ་དབང་ལམ་བུས་མ་བྱིན།།

འདུག་དབང་སེམས་པས་མ་བྱིན།།

འགྲོ་འདུག་སོམ་ཉིའི་བར་ནས།།

དུས་ཀྱི་ཉི་མ་ཟད་སོང་།།

འགྲོ་འདུག་སོམ་ཉིའི་བར་ནས།།

དུས་ཀྱི་ཉི་མ་ཟད་སོང་།།

སྐྱོ་ནས་ཉི་མ་མ་ཐོངས།།

སྡུག་ནས་མཚན་ནམ་མ་འཁྱོལ།།

ཁེར་རྐྱང་སེམས་པའི་སྲུབས་ན།།

སྐྱོ་བའི་གླུ་ཆུང་ལྷང་ལྷང་།།

ཁེར་རྐྱང་སེམས་པའི་སྲུབས་ན།།

སྐྱོ་བའི་གླུ་ཆུང་ལྷང་ལྷང་།།

历史记录

!
提示
播放失败哦,因为我没有版权😂哈哈哈。