
00:00
02:58
比黄金还珍贵的黄金
歌词
相关信息
作词 : 曼伟波
作曲 : 民间
编曲 : 泽旺拉姆
ཡེ་ཡེ། གསེར་སེར་པོའི་གོང་ན་གསེར་ཞིག་ཡོད།
ཨོ་ཡེ། དབྱངས་གསལ་བཤད་སུམ་ཅུ་གསེར་ལས་ལྷག།
གསེར་སེར་པོ་འདོད་ཀི་བོད་པ་ཚོ།
ཨོ་ཡེ། སྐད་ཡིག་རིགས་གཉིས་པོ་སྦྱངས་ཡག་གྱིས།
ཨོ་ཡེ། སྐད་ཡིག་རིགས་གཉིས་པོ་སྦྱངས་ཡག་གྱིས།
ཡེ་ཡེ། དངུལ་དཀར་པོའི་གོང་ན་དངུལ་ཞིག་ཡོད།
ཨོ་ཡེ། བོད་གངས་ལྗོངས་ཁོར་ཡུག་དངུལ་ལས་ལྷག།
ནོར་དངུལ་དཀར་འདོད་ཀི་བོད་པ་ཚོ།
ཨོ་ཡེ། གནས་མཐོ་སྒང་སྲུང་སྐྱོབ་བྱེད་ཡག་གྱིས།
ཨོ་ཡེ། གནས་མཐོ་སྒང་སྲུང་སྐྱོབ་བྱེད་ཡག་གྱིས།
ཡེ་ཡེ། གཟི་གཡུ་བྱུར་ཡན་ན་རིན་ཆེན་ཡོད།
ཨོ་ཡེ། རིགས་སྤུན་ཟླ་རིན་ཆེན་གཞན་ལས་ལྷག།
རྒྱུ་རྩ་ཆེན་འདོད་ཀི་བོད་པ་ཚོ།
ཨོ་ཡེ། ནང་མཐུན་སྒྲིལ་དམ་ཚིག་བསྲུང་ཡག་ཀྱིས།
ཨོ་ཡེ། ནང་མཐུན་སྒྲིལ་དམ་ཚིག་བསྲུང་ཡག་ཀྱིས།
ནང་མཐུན་སྒྲིལ་དམ་ཚིག་བསྲུང་ཡག་ཀྱིས།