
故乡比如 锅庄
作词 : 天易音乐
作曲 : 天易音乐
编曲 : 天易音乐
ཆུ་ལ་ཉ་མོ་འཁོར་འཁོར།།
སྤང་ལ་མེ་ཏོག་རྒྱས་རྒྱས།།
སེམས་སོང་སེམས་པ་མཐུན་ན།།
ན་གཞུང་གཅིག་གི་ལས་རེད།།
མཚོ་ཆུང་ནོར་བའི་ཁ་ལ།།
མེ་ཏོག་མ་བཏབ་རང་འཁྲུངས།།
མཚོ་མོའི་གཏིང་མཐའ་བརྒལ་ནས།།
ངང་ཆུང་ལོག་རོགས་གྱིས་དང་།།
མཚོ་མཐའི་མེ་ཏོག་དབུས་ལ།།
ལས་འཕྲོའི་འདུན་མ་བཞད་ཡོང་།།
རི་ལ་སྨུག་པ་འཁྱིལ་འཁྱིལ།།
ལྷས་ལ་ལུག་ཆུང་འཁོར་འཁོར།།
སེམས་སོང་སེམས་པ་མཐུན་ན།།
སྤང་གཞུང་གཅིག་གི་ལས་རེད།།
ཡིད་ཀྱི་ལུང་བའི་གཞུང་ལ།།
དྲན་པའི་སྒ་ཆ་བསྟད་ནས།།
ཆུང་གྲོགས་བྱམས་པའི་ཕྱོགས་ལ།།
ལས་ཀྱི་སྨོན་ལམ་བརྒྱབ་ན།།
སྤང་ཁའི་མེ་ཏོག་དབུས་ནས།།
ལས་འཕྲོའི་འདུན་མ་བཞད་ཡོང་།།
སྡེ་ཆེན་སྡེ་བའི་ནང་ལ།།
ལུས་ཀྱི་མེ་ཏོག་འཁྲུངས་འཁྲུངས་།།
སྣང་བའི་མེ་ལོང་ནང་ལ།།
དྲན་པའི་ཡང་ལུང་འཁྲུངས་ན།།
ཚིག་གསུམ་མ་གྲོལ་མདུད་པ།།
ཡིད་ཀྱི་གཞུང་ནས་མདུད་ཡོང་།།
སྒོ་གསུམ་དད་པའི་ནང་ནས།།
སྐྱབས་གསུམ་ལྷ་ལ་ཞུས་དང་།།
འཇིག་རྟེན་ལུང་པའི་ཕུ་ནས།།
ལས་འཕྲོའི་འདུན་མ་བཞད་ཡོང་།།