00:00
03:52
阿妈的经筒
歌词
相关信息
作词 : 民间
作曲 : 民间
编曲 : 尼玛乐队
མ་ཎི་འཁོར་ལོ་ཨ་མའི་ལག་ན་འཁོར།།
བུ་ཡི་བདེ་སྡུག་ཨ་མས་སྙིང་ནས་བསྐོར།།
དྲན་པའི་མིག་ཆུ་ཨ་མའི་པང་ནས་ཐོར།།
འཕྲད་པའི་འདུན་པ་ས་མཐའི་བུ་ལ་ཤོར།།
མ་ཎི་འཁོར་ལོ་ཨ་མའི་ལག་ན་འཁོར།།
བུ་ཡི་བསམ་དོན་ཨ་མས་སྙིང་ནས་བསྐོར།།
རྒས་པའི་གཉེར་མ་ཨ་མའི་གདོང་ལ་འཁོར།།
དཀར་པོའི་དུང་སོ་ཨ་མའི་ཁ་ནས་བོར།།
འཁོར་ཐེངས་རེར་མ་ཎི་རེ། །
ཨ་མའི་འཁོར་ལོ་ནམ་ཡང་བུ་ལ་འཁོར།།
འཁོར་ཐེངས་རེར་མ་ཎི་རེ།།
ཨ་མའི་འཁོར་ལོ་ད་དུང་བུ་ལ་འཁོར།།
མ་ཎི་འཁོར་ལོ་ཨ་མའི་ལག་ན་འཁོར།།
བུ་ཡི་བདེ་སྡུག་ཨ་མས་སྙིང་ནས་བསྐོར།།