三智才让歌曲封面
00:00
03:28
🔊

东格仓

专辑
三智才让精选集
发行日期
2018-11-07
流派
暂无
时长
03:28
播放次数
2,356,789
收藏人数
156,432
歌词
相关信息

作词 : 降央罗珠

作曲 : 三智才让

དུང་དཀར་ཚང་།

ཚིག་རྩོམ་མཁན། འཇམ་དབྱངས་བློ་གྲོས།

དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

འཕྲིན་སྟེགས། མགར་ཀླུ་སྲས་རིག་རྩལ།

1.

རིགས་རུས་བོད་ཡིན་ལྷད་མེད་དུང་དཀར་ཡིན།།

མི་གཤིས་གསེར་ཡིན་འགྱུར་མེད་ཆོས་དུང་ཡིན།།

སེམས་པ་དུང་ཡིན་གཡས་སུ་འཁྱིལ་བ་ཡིན།།

ཞང་ང་ཡ་རེ་ལོ།

དུང་དཀར་ཚང་འདི་བོད་པའི་རྒྱན་ཞིག་ཡིན།།

ཕ་རྒྱུད་སྤྲེའུ་ཡིན་བྱང་ཆུབ་སེམས་དཔའ་ཡིན།།

མ་རྒྱུད་བྲག་ཡིན་སྲིན་མོའི་རིགས་རྒྱུད་ཡིན།།

གདུང་རྒྱུད་བོད་ཡིན་བཙན་པོའི་མི་རྒྱུད་ཡིན།།

ཞང་ང་ཡ་རེ་ལོ།

དུང་དཀར་ཚང་འདི་བོད་པའི་རྒྱན་ཞིག་ཡིན།།

2.

བསམ་པ་ཆོས་ཡིན་རྣམ་དཀར་དགེ་བ་ཡིན།།

སྤྱོད་པ་ལྷ་ཡིན་གཞན་ཕན་དོན་གཉེར་ཡིན།།

བསགས་པ་མཛོད་ཡིན་དཔལ་དང་འབྱོར་བ་ཡིན།།

ཞང་ང་ཡ་རེ་ལོ།

དུང་དཀར་ཚང་འདི་བོད་པའི་རྒྱན་ཞིག་ཡིན།།

ཕ་ཡུལ་ཁམས་ཡིན་ཆབ་མདོ་སྨར་ཁམས་ཡིན།།

རུས་པ་དུང་ཡིན་དཀར་མོ་རྒྱང་གྲགས་ཡིན།།

ལས་དོན་མཆོག་ཡིན་སྐད་དང་ཡི་གེ་ཡིན།།

ཞང་ང་ཡ་རེ་ལོ།

དུང་དཀར་ཚང་འདི་བོད་པའི་རྒྱན་ཞིག་ཡིན།།

历史记录

!
提示
播放失败哦,因为我没有版权😂哈哈哈。