三佰东主歌曲封面
00:00
02:58
🔊

辽阔世界 渺小你我

专辑
韵之初
发行日期
2022-08-18
流派
暂无
时长
02:58
播放次数
2,356,789
收藏人数
156,432
歌词
相关信息

作词 : 赤·桑华

作曲 : 三佰东主

编曲 : 公保拉松

འཇིག་རྟེན་འདི་ཆེ་ན་ཡང་།ཁྱོད་དང་འུ་གཉིས་ཤིན་ཏུ་ཆུང་།

ཚིག་རྩོམ་མཁན། ཁྲི་སེམས་དཔའ།

དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།

ལེན་མཁན། བསམ་པའི་དོན་འགྲུབ།

རོལ་མོ། མགོན་པོ་ལྷ་སྲུང་།

སྒྲ་ཕབ་དང་ཞིབ་སྦྱོར། གཡང་རོང་ཨ་དོན།

འཇིག་རྟེན་འདི་ཆེ་ན་ཡང་།

ཁྱོད་དང་འུ་གཉིས་ཤིན་ཏུ་ཆུང་།

རླུང་བུ་ཡང་མོ་ཞིག་གིས་ཀྱང་ཁྱེད་རང་ཁུར་འགྲོ་ལ།

ཆར་བ་འཇམ་པོ་ཞིག་གིས་ཀྱང་ང་རང་སྦངས་འགྲོ།

ང་ཡི་སེམས་ཀྱི་བུ་མོ།

བར་ཐག་གི་མདུད་པ་ཡང་ཡང་བཤིག་ན་ཡང་།

སེམས་ཀྱི་རབ་ཁ་དེ་བརྒལ་ཐབས་མི་འདུག

ནམ་ཞིག་ཤྭ་འོད་དྲག་ཏུ་བརྡོལ་ནས།

ཕྱིར་དྲན་གྱི་བར་སྣང་ཡོངས་སུ་བསྣུབས་སོང་ན།

ངས་ཁྱེད་རང་གང་དུ་འཚོལ།

ང་ཡི་སེམས་ཀྱི་བུ་མོ།

ནམ་ཞིག་ཤྭ་འོད་དྲག་ཏུ་བརྡོལ་ནས།

ཕྱིར་དྲན་གྱི་བར་སྣང་ཡོངས་སུ་བསྣུབས་སོང་ན།

ངས་ཁྱེད་རང་གང་དུ་འཚོལ།

ང་ཡི་སེམས་ཀྱི་བུ་མོ།

འཇིག་རྟེན་འདི་ཆེ་ནའང་།

ཁྱེད་དང་འུ་གཉིས་ཤིན་ཏུ་ཆུང་།

མི་ཁ་ཕྲན་བུ་ཞིག་གིས་ཀྱང་ཁྱེད་རང་བཅོམ་འགྲོ་ལ།

ཕྲག་དོག་མེ་སྟག་ཙམ་གྱིས་ཀྱང་ང་རང་འཚིག་འགྲོ།

ང་ཡི་སེམས་ཀྱི་བུ་མོ།

སྣང་བའི་འདབ་གཤོག་ཡང་ཡང་བརྐྱངས་ནའང་།

བརྩེ་བའི་སྤང་ཐང་དེར་ནམ་ཡང་སླེབས་ཐབས་མི་འདུག

ནམ་ཞིག་ཁ་བ་ལྷབ་ལྷུབ་བབས་ནས།

འཕྲུལ་སྣང་གི་ལམ་ཁ་ཡོངས་སུ་བཅད་སོང་ན།

ངས་ཁྱེད་རང་གང་དུ་འཚོལ།

ང་ཡི་བུ་མོ།

ནམ་ཞིག་ཁ་བ་ལྷབ་ལྷུབ་བབས་ནས།

འཕྲུལ་སྣང་གི་ལམ་ཁ་ཡོངས་སུ་བཅད་སོང་ན།

ངས་ཁྱེད་རང་གང་དུ་འཚོལ།

ང་ཡི་བུ་མོ།

历史记录

!
提示
播放失败哦,因为我没有版权😂哈哈哈。