三智才让歌曲封面
00:00
04:42
🔊

菩提班校歌

专辑
菩提班校歌
发行日期
2019-07-02
流派
暂无
时长
04:42
播放次数
2,356,789
收藏人数
156,432
歌词
相关信息

作词 : 想之.洛桑益西

作曲 : 不丹民歌

བྱང་ཆུབ་འཛིན་གྲྭའི་སློབ་གླུ། 

ཚིག བྱང་སྲས་བློ་བཟང་ཡེ་ཤེས། 

~X~

ནམ་མཁའ་སྔོ་ཞིང་། ཉི་འོད་གསལ་བའི་ཡུལ་གྲུ་སྟེ། 

གངས་རི་དཀར་ཞིང་། ཆུ་མོ་དྭངས་བའི་འཇིག་རྟེན་ཞིག 

རྩྭ་ཐང་ཡངས་ཤིང་། མེ་ཏོག་བཞད་པའི་ལྡུམ་ར་དང་། 

ནགས་ཚལ་སྟུག་ཅིང་། དྲི་བསུང་འཐུལ་བའི་ཞིང་ཁ་ཡོད། 

བྱང་ཆུབ་འཛིན་གྲྭ། འདི་ནི་འུ་ཅག་གངས་རིའི་ཡུལ།

~X~

གནས་དེའི་ཁྱོད་ཀྱི་རིགས་ཀྱི་ཁྱུ་ཚོགས་ཀྱི། ། 

ལམ་ངོགས་སྟོར་ཚེ་ལམ་གྱི་ས་མཁན་དང་། ། 

མེས་པོའི་རྫོངས་བ་མཐུག་པའི་རིག་པའི་ནོར། ། 

ང་ཚོས་ཅིས་ཀྱང་སྲོག་དང་བསྡོས་ཏེ་སྲུངས། ། 

ཡར་རྒྱས་འདོད་ན། རང་སྐད་རང་ཡིག་སྲོག་ལ་རྩིས། 

བདེ་ཐང་དགོས་ཚེ། སྤྲོད་བསྟེན་གཙང་མས་ལུས་སེམས་གསོས། 

བྱང་ཆུབ་འཛིན་གྲྭ། རེ་བ་ཆེན་པོས་ལམ་ལ་ལོངས། 

~X~

བཙན་པོའི་སྙིང་སྟོབས་སྤོབས་པའི་རྒྱགས་ཕྱེ་དང་། ། 

ཐོན་མིའི་བློ་གྲོས་ཤེས་རབ་འཕེལ་བའི་ནོམ། ། 

སྟོང་བཙན་ཐབས་ཇུས་སྒྱུ་ལས་ཐར་བའི་ལམ། ། 

ལམ་ཁ་འདི་ཚོ་མདུན་སྐྱོད་ལམ་ཆེན་ཡིན། ། 

གཅེས་པའི་མིང་སྲིང་། དུས་རབས་འདི་ལ་རང་འགོ་ཐོན། 

མི་ཚེའི་སྙིང་པོ། ནང་དོན་རིག་པ་སློབ་པར་གྱིས། 

ཡ་རབ་བསམ་སྤྱོད། སྙིང་དང་མིག་གི་ཚབ་ཏུ་ཟུངས། 

~X~

ལོ་ཟླ་དུ་མར་བརྩོན་པའི་གོམ་ཆེན་གྱིས། ། 

ས་སྒང་སྒལ་བར་ཕབ་པའི་ཞབས་རྗེས་རེ། ། 

མཆོག་དམན་སྐྱེ་བོའི་ཡིད་ཀྱི་ཞིང་ས་རུ། ། 

བདེ་བ་སྩོལ་བའི་ཆར་དུ་འགྱུར་བ་དགོས། ། 

བྱང་ཆུབ་འཛིན་གྲྭ། འགོག་རྐྱེན་ཇི་ལྟར་ཆེ་ན་ཡང་། 

ལམ་ལ་ཆས་ཟིན། འགྲེང་མ་ནུས་ཀྱང་གོག་འགྲོས་ཀྱིས། 

ལོ་རྒྱུས་ངོས་སུ། མཛད་རྗེས་འབུར་དུ་བརྐོ་བར་སོང་། 

སློབ་སྦྱོང་དོན་དུ། སྒྱིད་ལུག་མ་བྱེད་ཉིན་མཚན་ཀུན། 

གཡེང་བ་མེད་པར། འབད་པ་རྡོ་རུས་ཐུག་པ་གྱིས། 

ནམ་ཞིག་ཚེ་ན། ཁྱོད་ནི་ཉི་ཟླའི་འོད་ལས་གསལ། 

འཕྲིན་ལས་སྣང་བས། ས་ཆེན་ཁྱབ་པའི་ལང་ཚོ་ནི། 

ཚིག་གིས་མི་མཚོན། བསམ་མི་ཁྱབ་པའི་སྙན་ངག་ཡིན།(×2) 

~X~

历史记录

!
提示
播放失败哦,因为我没有版权😂哈哈哈。