
00:00
03:50
雪域藏人
歌词
相关信息
作词 : 日当呷扎
作曲 : 佐庆丹真
རི་གངས་ལྡན་ཞལ་རས་དུང་ལས་དཀར།
རྫ་སྨུག་ཆུང་དབུ་རྩེ་མདུང་ལས་རྣོ།
ནགས་གཡུ་མདོག་ལྗོན་ཚལ་རྒྱས་བའི་གནས།
ངའི་ཕ་ཡུལ་གངས་ལྗོངས་བོད་པ་རེད།
མཚོ་མཚེའུ་མང་པོ་ཡོན་ཆབ་བཤམས།
སྤང་མེ་ཏོག་དཀར་དམར་འདབ་བཟང་བཞད།
བྱ་ཁུ་ལོས་མགྲིན་རྔ་རྔུང་པའི་གནས།
ངའི་ཕ་ཡུལ་གངས་ལྗོངས་བོད་པ་རེད།
མཐའ་མུ་མེད་ཡངས་པའི་རྩྭ་ཐང་མཛེས།
རྟ་ནོར་ལུག་སྟོང་གིས་རྩེད་གར་འཁྲབ།
འབྲོག་སྤྲ་ནག་ཕྱུགས་གཡང་འཕེལ་བའི་གནས།
ངའི་ཕ་ཡུལ་གངས་ལྗོངས་བོད་པ་རེད།
བན་སེར་མོས་ལྔ་རིག་ཆོས་དབྱངས་འཐེན།
སྡེ་ཁྱིམ་པས་མ་ཎི་ཡིག་དྲུག་བགྲང་།
ཆོས་སངས་རྒྱས་བསྟན་པ་དར་བའི་གནས།
ངའི་ཕ་ཡུལ་གངས་ལྗོངས་བོད་པ་རེད།
ངའི་ཕ་ཡུལ་གངས་ལྗོངས་བོད་པ་རེད།
བོད་པ་རེད།