
00:00
03:52
思念闪烁 爱恋忡忡-罗萨
歌词
相关信息
དྲན་པ་ཁྲ་ལམ་མེ། དུང་བ་སྐྱོ་ལྷང་ངེ་།
思念闪烁,爱恋忡忡
ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
作词:扎更宗智尖措
དབྱངས། བློ་གསལ།
作曲:罗萨
ལེན་མཁན། བློ་གསལ།
演唱: 罗萨
སྙིང་ཉེ་ལགས།
ཁྱོད་ས་ཕྱོགས་གང་ན་ཡོད།
ཕྲན་ཆུང་ང་།
ལོ་ཆུང་དུས་ལག་ཆགས་སའི་ཡུལ་ན་ཡོད།
དྲན་པ་ཁྲ་ལམ་མེ།
དུང་བ་སྐྱོ་ལྷང་ངེ་།
འོ…མིང་སྲིང་གི་ལག་རྡང་།
སོ་སོ་འཐོར་ནས་མ་འགྲོ།
མི་ཚེའི་གནས་མལ་འདི་ཡིན།
སྙིང་ཉེ་ལགས།
ཁྱོས་ག་རེ་དྲན་གི་ཡོད།
ཕྲན་ཆུང་ངས།
འདས་ཟིན་པ་མཛེས་སྡུག་གིས་དྲན་གྱིན་ཡོད།
དྲན་པ་ཁྲ་ལམ་མེ།
དུང་བ་སྐྱོ་ལྷང་ངེ་།
འོ… ཆུང་དུས་ཀྱི་ཕུགས་བསམ།
རླུང་ལ་བསྐུར་ནས་མ་འགྲོ།
མི་ཚེའི་དོན་མགོ་འདི་ཡིན།
སྙིང་ཉེ་ལགས།
ཁྱོས་ག་རེ་བྱེད་འདོད་ཡོད།
ཕྲན་ཆུང་ངས།
ཕ་མེས་ཀྱི་བྱང་སེམས་ལ་སྦྱང་གི་ཡོད།
དྲན་པ་ཁྲ་ལམ་མེ།
དུང་བ་སྐྱོ་ལྷང་ངེ་།
འོ…གཞན་ཕན་གྱི་བློ་ལ།
འགྱུར་བ་འབྱུང་གི་མ་འཇུག
མི་ཚེའི་རིན་ཐང་འདི་ཡིན།