
雪域圣地
编曲 : 泽旺拉姆
གངས་ལྗོངས་ཆོས་ཀྱི་ཞིང་ཁམས།
གཞས་ཚིག མགོ་ལོག་འཇམ་བློ།
དབྱངས། བློ་གསལ།
གཞས་མ། ཚེ་དབང་ལྷ་མོ།
འོ་ཡེ་་་་་
སྐྱིད་པའི་གངས་ལྗོངས་ཆོས་ཀྱི་ཞིང་ཁམས་རེད།།
མདོ་སྔགས་བསྟན་པ་དར་བའི་གཡང་ས་རེད།།
འོ་་་གཡང་ས་རེད་ཡ།
འོ་ཡ་རེ་ལོ། འོ་ཡ་རེ་ལོ། ཡ་རེ་ལོ།
དམ་པ་ཁྱེད་ནི་འགྲོ་བའི་མགོན་པོ་རེད།།
འོ་་་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས།།
ཡེ་་་་་
མཁས་བཙུན་བཟང་པོའི་རྒྱན་ཅན་ཁྱེད་རང་རེད།།
གནས་ལྔའི་སློབ་གླིང་བསྐྲུན་མཁན་ཁྱེད་རང་རེད།།
འོ་་་ཁྱེད་རང་རེད།
འོ་ཡ་རེ་ལོ། འོ་ཡ་རེ་ལོ། ཡ་རེ་ལོ།
གཙུག་ལག་རྟེན་བཅས་བཞེངས་མཁན་ཁྱེད་རང་རེད།།
འོ་་་དམ་པ་ཁྱེད་ལ་བསྟོད་པའི་གླུ་ཞིག་འབུལ།།
ཡེ་་་་་
དེ་རིང་བཀྲ་ཤིས་ལྷ་ཡི་དུས་བཟང་རེད།།
མཆོག་སྤྲུལ་ཁྲི་ལ་འཁོད་པའི་ཉིན་མོ་རེད།།
འོ་་་ཉིན་མོ་རེད།
འོ་ཡ་རེ་ལོ། འོ་ཡ་རེ་ལོ། ཡ་རེ་ལོ།
ལྷ་མི་དགའ་བའི་མགྲོན་ལ་ཕེབས་ཉིན་རེད།།
འོ་་་གླུ་དང་གར་གྱི་མཆོད་པ་ཁྱེད་ལ་མཆོད།།
འོ་ཡེ་་་་་
བསྟན་པ་དར་བའི་རྟེན་འགྲེལ་དེ་རིང་རེད།།
སེམས་ཅན་བདེ་བའི་སྨོན་ལམ་དེ་རིང་རེད།།
འོ་་་དེ་རིང་རེད།
འོ་ཡ་རེ་ལོ། འོ་ཡ་རེ་ལོ། ཡ་རེ་ལོ།
འཚོ་བ་སྐྱིད་པའི་བསུ་མ་དེ་རིང་རེད།།
འོ་་་བཀྲ་ཤིས་དཔལ་འབར་འཛམ་གླིང་ཞི་བདེ་ཤོག།
འཚོ་བ་སྐྱིད་པའི་བསུ་མ་དེ་རིང་རེད།།
འོ་་་བཀྲ་ཤིས་དཔལ་འབར་འཛམ་གླིང་ཞི་བདེ་ཤོག།