泽旺拉姆歌曲封面
00:00
03:31
🔊

雪山与湖泊

专辑
雪山与湖泊
发行日期
2020-02-07
流派
暂无
时长
03:31
播放次数
2,356,789
收藏人数
156,432
歌词
相关信息

作词 : 恩召

作曲 : 罗泽

དཀར་པོའི་གངས་རི་སྔོན་པོའི་མཚོ།

དངོས་གྲུབ་ཀྱིས་ཚིག་བརྩམས།

བློ་ཚེས་དབྱངས་བརྩམས།

ཚེ་དབང་ལྷ་མོས་བླངས།

ཧོར་བཟའ་གཡང་འཛོམས་ཀྱིས་བསྒྱུར།

གངས་རི་དཀར་པོ་ང་ཡི་སེམས་པ་ཡིན།

ལྷག་བསམ་དཀར་པོ་ང་ཡི་རང་གཤིས་ཡིན།

ལུག་ཁྱུ་དཀར་པོ་ང་ཡི་གཡང་རྟེན་ཡིན།

པད་མ་དཀར་པོ་ང་ཡི་གཙུག་རྒྱན་ཡིན།

དཀར་པོ་སེམས་ལ་ནམ་ཡང་འགྱུར་བ་མེད།

དཀར་གསལ་ཟླ་བ་ཡིད་ཀྱི་སྒྲོན་མེ་ཡིན།

ཁ་དར་དཀར་པོ་ང་ཡི་སྨོན་འདུན་ཡིན།

གཡུ་མཚོ་སྔོན་མོ་ང་ཡི་བློ་རྒྱ་ཡིན།

ནམ་མཁའ་སྔོན་མོ་ང་ཡི་སེམས་ཁམས་ཡིན།

སྤང་གཞོན་སྔོན་མོ་ང་ཡི་ཤ་རུས་ཡིན།

གཙང་ཆབ་སྔོན་མོ་ང་ཡི་ཁྲག་རྒྱུན་ཡིན།

སྔོན་མོ་མཚོ་ལ་ནམ་ཡང་འགྱུར་བ་མེད།

གཡུ་འབྲུག་སྔོན་མོ་སྡིང་བའི་ས་ཆ་ཡིན།

ཁུ་བྱུག་སྔོན་མོ་ང་ཡི་གླུ་སྒྲ་ཡིན།

སྔོན་མོ་མཚོ་དང་དཀར་པོ་སེམས་ལ་ནམ་ཡང་འགྱུར་བ་མེད།

历史记录

!
提示
播放失败哦,因为我没有版权😂哈哈哈。