南木卡歌曲封面
00:00
03:03
🔊

才仁卓嘎

专辑
才仁卓嘎
发行日期
2023-07-28
流派
暂无
时长
03:03
播放次数
2,356,789
收藏人数
156,432
歌词
相关信息

编曲 : 南木卡

ཚེ་རིང་སྒྲོལ་དཀར།

ཚིག དམངས་ཁྲོད།

དབྱངས། དམངས་ཁྲོད།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

ཚིག་འགྱུར་བཅོས། ཇེང་།

རོལ་མོ་སྒྲིག་བཟོ་པ། བང་ཏུང་།

རྒྱུད་མང་རམ་དཀྲོལ། བང་ཏུང་།

མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།

སྒྲ་ལེན་པ། གཡང་རོང་ཨ་དོན།

སྒྲ་ཞིབ་སྦྱོར། ཕཱིན་ཙི།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཚེ་རིང་དོན་འགྲུབ།

ཡིག་སྒྱུར། སྒྲོ་ཨ་རུ།

ཕ་རིའི་སྤང་གི་སྟེང་ལ། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

ར་མ་ལུག་གིས་གང་སོང་། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

བདག་གི་ལྷ་ལུག་དཀར་པོ། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

མིག་གིས་མཐོང་རྒྱུ་མི་འདུག །ཚེ་རིང་ལ་བསོ།

མ་གིའི་ཚོང་ར་ཆེན་མོར། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

མི་ཚོགས་སྟོང་གིས་བསྐོར་སོང་། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

བདག་གི་སེམས་ཀྱི་བྱམས་པ། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

མིག་གིས་མཐོང་རྒྱུ་མི་འདུག །ཚེ་རིང་ལ་བསོ།

མ་གིའི་མཚོ་མོའི་ཁ་ན། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

བྱ་དེ་བརྒྱ་ཚོགས་སྟོང་ཚོགས། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

བདག་གི་ཁྲུང་ཁྲུང་དཀར་མོ། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

མིག་གིས་མཐོང་རྒྱུ་མི་འདུག །ཚེ་རིང་ལ་བསོ།

ཞེ་མཐུན་སེམས་ཀྱི་རི་མོ། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

ཚེ་གཅིག་ཡལ་རྒྱུ་མི་འདུག །ཚེ་རིང་སྒྲོལ་དཀར་ལགས་ཡེ།

ཆེན་པོའི་ལག་རྟགས་མེད་ཀྱང་། །ཚེ་རིང་སྒྲོལ་དཀར་ལགས་ཡེ།

སེམས་པའི་ལེགས་སྐྱེས་བསྐུར་ཡོད། །ཚེ་རིང་ལ་བསོ།

历史记录

!
提示
播放失败哦,因为我没有版权😂哈哈哈。