
00:00
02:30
康珠曲增
歌词
相关信息
རེ་འབོད་གླུ་ཡི་མཆོད་པ།
ཚིག མགར་དར་རྒྱས།
དབྱངས་། གངས་ཕྲུག་རྡོ་རྗེ།
ལེན་མཁན། ཁམས་ཕྲུག་ཆོས་འཛིན།
དེང་སང་སྤྱི་ཚོགས་འདི་ཡི་མི་རྒན་འགས།
ཉེར་བཞེས་དུས་ཚོད་ཤོ་དང་བག་ལ་བསྐྱལ།
རྒྱུ་ནོར་ཡོད་ཚད་གཞན་གྱིས་ལག་དུ་ཤོར།
བུ་རྒྱུད་བཟའ་ཟླའི་མི་ཚེ་སྡུག་ལ་བསྐུར།
ང་ཡི་སྤུན་ཟླ། ང་ཡིའི་རེ་བ།
ཤོ་བག་མ་རྒྱག་རོག
བུ་ཕྲུག་ནི་ཁྱོད་ཀྱིས་ཤ་ཁྲག་རེད།
བཟའ་ཟླ་ནི་ཁྱོད་ཀྱིས་འཚོ་བརྟེན་ཡིན།
རྒྱུ་ཤོར་དང་བཟའ་འཛིང་ངུ་སྐད་སོགས།ཁྱོད་ཀྱིས་ཕམ་ཁ་ཡིན།
ཉེར་གཅིག་དུས་རབས་འདི་ཡི་གཞོན་སྐྱེས་རྣམ།
ཉིན་མཚན་དུས་དྲུག་ཆང་རག་རྒྱུན་སྤྱོད་ནས།
ང་ངར་ཁོ་འཇིག་ཟེར་ནས་འཛིང་རྩོད་སློང།
མི་ཚེ་མདུན་ལམ་ཕམ་ཁ་འོག་ནས་ཤོར།
ང་ཡི་སྤུན་ཟླ་ ང་ཡིའི་རེ་བ།
མགོ་བོ་ཡར་ལ་ཀྱོག།
འཇིག་རྟེན་འདི་ཁྱོད་ཀྱིས་ཞིང་ཁམས་རེད།
ཚེ་སྲོག་ནི་ཁྱོད་ཀྱིས་ནོར་བུ་ཡིན།
མི་ཁ་དང་ཚིག་རྩུབ་སྲོག་ཤོར་སོགས།ཁྱོད་ཀྱིས་ཕམ་ཁ་ཡིན།