三佰东主歌曲封面
00:00
03:58
🔊

故土

专辑
故土
发行日期
2022-01-31
流派
暂无
时长
03:58
播放次数
2,356,789
收藏人数
156,432
歌词
相关信息

作曲 : 三佰东主

ཚིག ཁྲི་སེམས་དཔའ།

དབྱངས། བསམ་པའི་དོན་གྲུབ།

གཞས་པ། བསམ་པའི་དོན་གྲུབ།

࿄ ࿄ ࿄

མཛའ་བརྩེ་བསྣམས་ནས་སྨོན་འདུན་ཁུར་ནས།

ང་རང་ཕ་ཡུལ་གྱི་པང་ནས་ལམ་ལ་ཆས།

བརྗིད་ཅིང་རྔམ་པའི་གངས་རི་ཡིས།

ང་ལ་སྙིང་སྟོབས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེངས།

ཕ་ཡུལ།

ངའི་ཕ་ས་ཕ་ཡུལ།

ཨོ། ཕ་ཡུལ།

ཁྱེད་རང་ངའི་རྒྱབ་ན་གནམ་འདེགས་ཀྱི་ཀ་བ་བཞིན་འགྱིང་བས།

ངའི་ཕུགས་བསམ་གྱི་གཤོག་པ་མཉེན་མོ་རྒྱང་རིང་གི་མཁའ་མཐར་འཕུར་སོང་།

རྨི་ལམ་གྱི་ཡལ་གར་འབུས་པའི་མ་འོངས་པའི་རེ་བ་དྲོན་མོ།

རྒྱང་བཞུད་ཀྱི་ལམ་ཁར་འོད་དུ་འཚེར།

ང་ཡི་ཕ་ཡུལ།

དེ་རིང་ངས་རྩྭ་ལྗང་གི་ཟིལ་བར་མཆོད་པ་འཕེན་བཞིན།

གངས་དཀར་སེམས་ལ་དམ་བཅའ་ཞིག་སྦྲུམ་ཡོད།

ཟླ་བ་བསྙེགས་ནས་སྐར་མ་བརྩིས་ནས།

ང་ཡིས་ཕ་ཡུལ་གྱི་པང་དུ་གོམ་ཁ་བསྒྱུར།

དྭངས་ཤིང་གཙང་བའི་ཆུ་ཕྲན་གྱིས།

ང་ལ་བཀྲ་ཤིས་ཀྱི་འཚམས་འདྲི་དབྱངས་སུ་གྱེར།

ཕ་ཡུལ།

ངའི་ཕ་ས་ཕ་ཡུལ།

ཨོ། ཕ་ཡུལ།

ཁྱེད་རང་ངའི་མདུན་ན་མ་ཡུམ་གྱི་ཁོག་རྒྱ་བཞིན་ཡངས་པས།

ངའི་རྡོག་འོག་གི་རྐང་ལམ་ཕྲ་མོ་ཕྱིར་དྲན་གྱི་ཀློང་དུ་འཐིམས་སོང་།

བསམ་གཞིག་གི་ལྗོན་རྩེར་སྨིན་པའི་འདས་དོན་གྱི་འབྲས་བུ་མངར་མོ།

བྱིས་དུས་ཀྱི་རྩེད་རར་ངང་གིས་འཐོར།

ང་ཡི་ཕ་ཡུལ།

དོ་ནུབ་ངས་ཟླ་འོད་ཀྱི་དར་གོས་ལུས་ལ་གྱོན་ནས།

རང་བྱུང་ཁམས་ལ་གུས་ཕྱག་ཅིག་ཕུལ་ཡོད།

དོ་ནུབ་ངས་ཟླ་འོད་ཀྱི་དར་གོས་ལུས་ལ་གྱོན་ནས།

རང་བྱུང་ཁམས་ལ་གུས་ཕྱག་ཅིག་ཕུལ་ཡོད།

历史记录

!
提示
播放失败哦,因为我没有版权😂哈哈哈。