
心愿
作词 : 民间
作曲 : 民间
སྐྱབས་ཀུན་འདུས་པའི་བདག་ཉིད།
སྐྱབས་གཅིག་ཡིད་བཞིན་ནོར་བུ།
སྐྱབས་གནས་བསླུ་བ་མེད་པས།
སྐྱབས་བྱ་འགྲོ་རྣམས་སྐྱོངས་མཛོད།
གསེར་ལྡན་ཆོས་ཀྱི་ཞིང་གི།
མངའ་འབངས་བདེ་སྐྱིད་ལྡན་ས།
ཆོས་ལ་དགེ་བཅུ་དར་ས།
ཡ་རབས་ལམ་སྲོལ་སྐྱོངས་ས།
དཔའ་མཛངས་རྟུལ་ཕོད་ཆེ་ས།
མི་རིགས་མཐུན་སྒྲིལ་ཡོད་ས།
རྒྱུ་འབྲས་ཞིབ་ཆ་ཆེ་ས།
ཕྱི་མའི་མདུན་ལམ་འཚོ་ས།
ཕ་མའི་དྲིན་ལན་ཤེས་ས།
གོང་མ་གུས་བཀུར་བྱེད་ས།
འོག་མ་བྱམས་སྐྱོང་ཡོད་ས།
བཟང་ངན་ལ་ཤན་ཕྱེ་ས།
བློ་ཕུག་ཆོས་ལ་གཏད་ས།
མི་རིགས་ལ་རྒྱ་སྐྱོང་ས།
མེས་པོའི་སྲོལ་བཟང་དར་ས།
རྟགས་དང་སྟོན་མོ་ཡག་ས།
ཨེ་མ་དེ་འདྲའི་ལམ་སྲོལ།
ནམ་ཡང་ཉམས་པ་མེད་པར།
ཡ་རབས་དྲང་ལམ་སྐྱོངས་དང་།
འདི་ཕྱི་དགེ་བའི་ལམ་ཡིན།
རང་དྲན་རང་ལ་ཆེས་པའི།
བྱ་ལས་བཟང་བོ་བྱས་ན།
ཆོས་སྲིད་ཁྲིམས་དང་ལྡན་པའི།
ནམ་རྒྱུན་འཚོ་བ་སྐྱོངས་རོགས།
དེ་ལྟར་སྨོན་པའི་ལས་ལ།
རྣམ་ཀུན་འཇུག་པར་མཛོད་དང་།
སྐྱེས་པའི་འཕྲེང་བ་ཀུན་ཏུ།
ཁྱེད་ལ་བདེ་སྐྱིད་ཡོང་ངེས།
འདི་ལས་འོང་བའི་དགེ་བ།
བཤད་སྒྲུབ་བསྟན་པ་དར་རྒྱས།