ANU歌曲封面
00:00
03:12
🔊

守望

专辑
&
发行日期
2021-11-07
流派
暂无
时长
03:12
播放次数
2,356,789
收藏人数
156,432
歌词
相关信息

作词 : ANU

作曲 : ANU/旦旦

编曲 : 旦旦

制作人 : 旦旦

ས་སྟེང་གི་མཛེས་སྡུག་ཚང་མ་བརྩེ་བ་ཚང་མ་དེ་རིང་ལ་འཛོམས་སོང་།

སྔར་སོང་གི་དགའ་བ་ཚང་མ་སྐྱོ་བ་ཚང་མ་དེ་རིང་ལ་གྲུབ་སོང་།

ཡུན་རིང་བའི་ཉིན་དང་མཚན་དང་གྲངས་མེད་ལ་མང་པོ་ནས་མང་པོ་ཞིག་བརྒྱུད་ནས་དེ་རིང་ལ་སླེབས་པས། ཡང

ད་མཐུན་དང་མི་མཐུན་གྱི་མདུད་པ་དང་དོགས་པ་དེ་ཡོད་ཚད་ནས་གྲོལ་ནས་ལག་པ་དེ་ལག་པ་ཡི་ནང་ལ་བཞག་ནས།

ཡང་སེམས་ནང་ལ་བཅོལ་ནས།

དེ་རུས་པའི་ནང་ལ་རྐོས་ནས།

ད་ལྷན་དུ་ལ་ཁྱེར་ནས།

དེ་རིང་ནས་བཟུང་ཁྱོད་རང་དང་རང་གི་བདེ་བ་དང་ནི་སྐྱོ་བ་དེ

གདའ་ཚད་འདྲིས་ནས། ཐ་དད་མེད་པས།

སེམས་ཁྲལ་བ་ཡང་མེད་པ་ཞིག་བྱེད་ནས།

འཚོ་བ་ཡི་རི་ལུང་དེ་བརྒལ་ནས

ཁྱོད་ང་ཡིན་ལ་ང་རང་ཡང་ཁྱོད་ཡིན་ནོ།

དུས་རྟག་ཏུ་འགྱུར་མེད་སེམས་དེ་ཁྱེར་ནས།

ང་དང་མཉམ་དུ་ལམ་ལ་ཆས།

ང་དང་མཉམ་དུ་འཚོ་བ་སྐྱེལ།

ངས་ཡང་སེམས་ཀྱི་བརྩེ་བ་ཡོངས་དེ་ཁྱེར་ནས།

ནམ་ཡང་ཡིན་རུང་འགྱུར་བ་མེད།

གང་ལ་སོང་ཡང་སྐྱུར་ཡ་མེད། ཡེ་་

ས་སྟིང་གི་མཛེས་སྡུག་ཚང་མ་བརྩེ་བ་ཚང་མ་དེ་རིང་ལ་འཛོམས་སོང་།

སྔར་སོང་གི་དགའ་བ་ཚང་མ་སྐྱོ་བ་ཚང་མ་དེ་རིང་ལ་གྲུབ་སོང་།

ས་སྟིང་གི་མཛེས་སྡུག་ཚང་མ་བརྩེ་བ་ཚང་མ་དེ་རིང་ལ་འཛོམས་སོང་།

སྔར་སོང་གི་དགའ་བ་ཚང་མ་སྐྱོ་བ་ཚང་མ་དེ་རིང་ལ་གྲུབ་སོང་།

གལ་སྲིད་ང་རང་གི་འཚོ་བའི་རིན་ཐང་དེ་གང་ཡིན་ཟེར་དྲིས་སོང་ན།

དེ་ནི་ཁྱོད་རང་དང་འཕྲད་པའི་བསྐལ་བ་དེ་དང་།

ཁྱོད་རང་དང་འདྲིས་པའི་ཚོལ་བ་དེ་རེད།

དེ་མ་ཚད་འདས་ཟིན་པའི་ལོ་དང་ཟླ།

མ་འོངས་ཀྱི་ཉིན་མཚན་དེ་དག་ཡོད་ཚད་ཀྱི་དགའ་སྐྱོ་ཡོད་ཚད།

ཁྱོད་དང་འབྲེལ་བ་ཡོད་ལ།

ཁྱོད་དང་ལྷན་དུ་ཡོད།

录音 : D&M Records

混音 : D&M Records

母带 : D&M Records

OP&经纪 : 乐享百纳

发行 : 百纳娱乐

历史记录

!
提示
播放失败哦,因为我没有版权😂哈哈哈。