
00:00
03:26
故此而念
歌词
相关信息
作曲 : 南木卡
作词 : 雅智绒
泽旺拉姆:
མི་ཚེའི་རྣང་ཞིང་གྲུ་བཞི་ལ། ཡེ།
འཛུམ་པ་མེ་ཏོག་བཞད་འདྲ་དགོས། ཡེ།
དྲིན་ཆེན་ཕ་མ་གཉིས་ནི་ཉི་ཟླ་རྙེད་མེད་ཡིན།
ཨ་ཨ་ཨ། དྲིན་ཆེན་གྱི་ཕ་མ། ཡེ།
ཁྱེད་ནི་སྐྱིད་དུས་མཁོ་བའི་ནོར་བུ་ཡིན། ཕ་མ་ལགས།
ཁྱེད་ནི་སྡུག་དུས་དྲན་པའི་རྒྱབ་རི་ཡིན། ཕ་མ་ལགས།
曲吉:
འཁོར་བའི་ཉི་ཁུག་དྲོ་ས་རུ། ཡེ།
ཐུགས་ཀྱིས་ཉི་ཟླ་འཚོས་ནས་ཡོད། ཡེ།
དྲིན་ཆེན་དགེ་རྒན་ལགས། ཨོ། ལམ་གྱི་སྒྲོན་མེ་ཡིན།
ཨ་ཨ་ཨ། དྲིན་ཆེན་གྱི་དགེ་རྒན། ཡེ།
ཁྱེད་ནི་མུན་པ་སེལ་བའི་ཉི་མ་ཡིན། དགེ་རྒན་ལགས།
ཁྱེད་ནི་ལམ་ནས་རྙེད་པའི་ནོར་བུ་ཡིན། དགེ་རྒན་ལགས།
合:
མི་སེམས་གཅིག་ལ་བརྒྱུས་དུས་ན། ཡེ།
ཟྭ་དང་ལྡེ་མིག་མཐུན་འདྲ་དགོས། ཡེ།
ལས་ཀྱི་གྲོགས་པོ་ལགས། ཨོ། དྲན་པའི་རྟེན་ཕུར་ཡིན།
ཨ་ཨ་ཨ། བརྩེ་ལྡན་གྱི་གྲོགས་པོ། ཡེ།
ཁྱེད་ནི་དབྱར་ལ་བཞད་པའི་མེ་ཏོག་ཡིན། གྲོགས་པོ་ལགས།
ཁྱེད་ནི་དགུན་ལ་རྙེད་པའི་མེ་ཕུང་ཡིན། གྲོགས་པོ་ལགས།
གྲོགས་པོ་ལགས། གྲོགས་པོ་ལགས།