
故乡赞歌(ཕ་ཡུལ་བསྟོད་གླུ།)俄金曲培
作词 : 义西多杰
作曲 : 岗赤巴登
编曲 : 才仁扎巴
ཕ་ཡུལ་བསྟོད་གླུ།
གཞས་ཚིག ཡེ་ཤེས་རྡོ་རྗེ།
གཞས་དབྱངས། གངས་ཕྲུག་དཔལ་ལྡན།
ལེན་མཁན། ཨོ་རྒྱན་ཆོས་འཕེལ།
བརྙན་ལེན་པ། རིན་ཟླ།
སྒྲ་ལེན་པ། རོང་ཧོ་དུར་རྡོ།
སྒྲ་སྙོགས་སྒྲིག ཚེ་རིང་གྲགས་པ།
ཡིག་སྦྱོར་བ། ཨོ་རྒྱན་ཆོས་འཕེལ།
བརྙན་རིས་ལག་རྩལ་པ། ཨོ་རྒྱན་ཆོས་འཕེལ།
བརྡ་ཁྱབ་ཇུས་འགོད། ཨོ་རྒྱན་ཆོས་འཕེལ།
མཐོ་སྒང་ཁ་བའི་ལྗོངས་ལ།།
གསེར་མདོག་ཉི་མ་ཤར་འདྲ།།
བདེ་སྐྱིད་གཡང་གི་ར་བ།།
བུ་ང་སྐྱེ་སའི་ཕ་ཡུལ།།
དགེ་རྒྱལ་གཡང་སྡེ་ཕྱུག་མོ།།
ཕ་ཡུལ་ལགས། ངོ་མཚར་ཆེ།
སྐྱིད་པའི་ཉི་མ་ཤར་ཤོག།
སྔོ་ལྗང་རྩྭ་ཐང་སྟེང་དུ།།
མེ་ཏོག་སྣ་བརྒྱ་བཞད་འདྲ།།
རྒས་བཀུར་གཞོན་གཅེས་ཡག་ས།།
ཀུན་ལ་བྱམས་ཀྱིས་སྐྱོང་བ།།
སྲོལ་རྒྱུན་བཟང་བའི་ཕ་ཡུལ།།
ཕ་ཡུལ་ལགས།། ངོ་སོ་བསྟོད།།
བདེ་སྐྱིད་དཔལ་ལ་རོལ་ཤོག།
བདེ་སྐྱིད་དཔལ་ལ་རོལ་ཤོག།
རི་ཆུ་ལུང་གསུམ་འཛོམས་པ།།
དྭངས་གཙང་ཤེལ་གྱི་ཆུ་རྒྱུན།།
ཆུ་མགོ་ཡན་ལག་བརྒྱད་ལྡན།།
འཐུང་ན་ཚེ་ཐག་རིང་བ།།
ཆུ་མགོ་བཀྲ་ཤིས་འཁྱིལ་བ།།
ཆུ་མགོ་ཡ།། དྭངས་ཤིང་གཙང་།།
ཡུན་དུ་གནས་པའི་སྨོན་ལམ།།
གླུ་བྲོ་གཞས་གསུམ་འཛོམས་པ།།
དབྱར་རྩྭ་དགུན་འབུའི་འབྱུང་ཁུངས།།
གེ་སར་སྒྲུང་གི་ཕ་ས།།
རྟ་ཕོ་གོམ་ལག་རྒྱས་ས།།
དགེ་རྒྱལ་ནོར་གྱི་བང་མཛོད།།
ཕ་ཡུལ་ལགས།། དར་ཞིང་རྒྱས།།
སྙན་མོ་གླུ་ཡིས་བསྟོད་དོ།།
སྙན་མོ་གླུ་ཡིས་བསྟོད་དོ།།