
00:00
02:54
藏家儿女的祝福
歌词
相关信息
作词 : 周拉加
作曲 : 民间
编曲 : 民间
作词: 周拉加,
作曲: 民间,
སྤང་ཐང་ཡངས་པོ་གོས་ཀྱི་གདན་སྟེང་ནས།,
བོད་པའི་བུ་མོས་འབྲི་མོ་འཇོ་བཞིན་དུ།,
བོད་པའི་བུ་མོས་འབྲི་མོ་འཇོ་བཞིན་དུ།,
ལུས་ཀྱི་མཆོད་པ་འོ་མས་འཕེན་པ་འདི།,
སྲིད་གསུམ་དགེ་བའི་སྨོན་ལམ་ཐོག་མ་ཡིན།,
སྲིད་གསུམ་དགེ་བའི་སྨོན་ལམ་ཐོག་མ་ཡིན།,
རྣང་ཞིང་སྣུམ་པོ་གསེར་གྱི་ར་བ་ནས།,
བོད་པའི་བུ་མོས་སྙེ་མ་བརྔ་བཞིན་དུ།,,
བོད་པའི་བུ་མོས་སྙེ་མ་བརྔ་བཞིན་དུ།,
ངག་གི་མཆོད་པ་འབྲུ་ལྔས་འཕེན་པ་འདི།,
འགྲོ་དྲུག་བདེ་བའི་སྨོན་ལམ་ཐོག་མ་ཡིན།,
འགྲོ་དྲུག་བདེ་བའི་སྨོན་ལམ་ཐོག་མ་ཡིན།,
སློབ་ཁང་གསལ་མོ་ཤེལ་གྱི་གུར་ཁང་ནས།,
བོད་པའི་བུ་མོས་དབྱངས་གསལ་ཀློག་བཞིན་དུ།,
བོད་པའི་བུ་མོས་དབྱངས་གསལ་ཀློག་བཞིན་དུ།,
ཡིད་ཀྱི་མཆོད་པ་སྨྱུག་གུས་འཕེན་པ་འདི།,
གངས་ལྗོངས་དར་བའི་སྨོན་ལམ་ཐོག་མ་ཡིན།,
གངས་ལྗོངས་དར་བའི་སྨོན་ལམ་ཐོག་མ་ཡིན།,
གངས་ལྗོངས་དར་བའི་སྨོན་ལམ་ཐོག་མ་ཡིན།,