
00:00
02:30
家乡的姑娘 达伟
歌词
相关信息
编曲 : 康索次
ཕ་ཡུལ་གྱི་བུ་མོ།
家乡的姑娘
ཚིག་་་སྨན་ལྷ་དབང་ཆེན།
作词:米拉旺青
དབྱངས་་་ཟླ་འོད།
作曲:达伟
གཞས་པ་་་ཟླ་འོད།
原唱:达伟
མདོང་དགོང་ངས་རྨི་ལམ་ནང་ནས་ཁྱེད་རང་མཇལ་བྱུང།
ཁྱེད་ཀྱི་ཞལ་རས་ནི་སྔར་བཞིན་མཛེས་སྡུག་ལྡན་ལ།
རི་འདབས་ཀྱི་མཚོ་ཁ་ནས་མེ་ཏོག་དང་ལྷན་དང་རྩེད་བཞིན།
རི་མགོ་ཡི་ཟླ་བ་དང་མཉམ་དུ་གཅིག་པུ་ཕེབས་པ།
ཁྱེད་རང་གི་སེམས་པ་ཡང་ཐག་རིང་ཞིག་ན་འཁོ་བ་འདྲ།
མདོང་དགོང་ཡང་རྨི་ལམ་ནང་ནས་ཁྱེད་རང་མཇལ་བྱུང།
བུ་ངའི་སེམས་པ་ནི་སྔར་བཞིན་ཕ་ཡུལ་འཁོར་སྟེ།
ལས་དབང་གི་ས་མཐའ་ན་ཁེ་རྐྱང་དུ་འཚོ་བཞིན།
ལྷན་འཛོམས་དུས་ཆེན་ནི་རྨི་ལམ་ཙམ་ཞིག་ཡིན་པ།
རེ་སྒུག་གི་སེམས་པ་ནི་ཚེ་གང་གི་འགྱུར་མེད་དན་བཅའ་ཡིན།
ཕ་ཡུལ་གྱི་བུ་མོ།
ཕ་ཡུལ་གྱི་བུ་མོ།
མཛེས་སྡུག་གི་རྨི་ལམ་ངའི་རེ་སྒུག་གི་ཟླ་བ་ཡང་ཁྱེད་རང་ཡིན།
ཕ་ཡུལ་གྱི་བུ་མོ།
ཕ་ཡུལ་གྱི་བུ་མོ།
དག་ཞིང་གི་ལྷ་མོ་ཡིན་ངའི་རེ་སྒུག་གི་རྨི་ལམ་ཡང་ཁྱེད་རང་ཡིན།