白玉扎西歌曲封面
00:00
03:06
🔊

我和百灵鸟

专辑
我和百灵鸟
发行日期
2019-03-26
流派
暂无
时长
03:06
播放次数
2,356,789
收藏人数
156,432
歌词
相关信息

作词 : 旦珠加

作曲 : 德白

རི་མགོ་ལབ་ཙེ་ཆུང་ཆུང།

ལབ་ཙེ་ལུག་བརྒྱའི་བདག་པོ།

ལུག་རྫི་ཕྱིང་དཀར་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རི་རྐེད་བསང་ཁྲི་ཆུང་ཆུང།

བསང་ཁྲི་རྟ་བརྒྱའི་བདག་པོ།

རྟ་རྫའི་སྒ་སྲབ་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རྟ་རྫའི་སྒ་སྲབ་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རི་འདབས་གཙང་པོ་ཆུང་ཆུང།

གཙངཔོ་འབྲི་བརྒྱའི་བདག་པོ།

བུ་མོ་གསེར་ཟུང་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

བུ་མོ་གསེར་ཟུང་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

ང་དང་ཁུ་བྱུག།

ཕར་ཕྱོགས་རྒྱ་རྫོང་ནགས་ནས།

གེ་གོ་གེ་གོ་་་་་་་གསུང་གི།

རྣ་བ་བླགས་ནས་གསན་པས།

དཔྱིད་ཀྱི་ཕོ་ཉ་ཡིན་འདུག།

རྣ་བ་བླགས་ནས་གསན་པས།

དཔྱིད་ཀྱི་ཕོ་ཉ་ཡིན་འདུག།

ཕར་ཕྱོགས་རྒྱ་རྫོང་ནགས་ནས།

གེ་གོ་གེ་གོ་་་་་་་གསུང་གི།

རྣ་བ་བླགས་ནས་གསན་པས།

དཔྱིད་ཀྱི་ཕོ་ཉ་ཡིན་འདུག།

གསུང་སྙན་སྒྲོགས་དང་ཞུས་པས།

གེ་གོ་གེ་གོ་་་་་་་གསུང་གི།

བྱེའུ་འཇོང་མོ་ང་ནི།

དགའ་བའི་དཔལ་གྱིས་བཟི་སོང།

བྱེའུ་འཇོང་མོ་ང་ནི།

དགའ་བའི་དཔལ་གྱིས་བཟི་སོང།

ང་དང་ཁུ་བྱུག་གཉིས་ཀ།

ཁ་བ་ཅན་ལ་སླེབས་སོང།

ཨེ་མ་འདི་གའི་ཡུལ་ལྗོངས།

མཐོ་རིས་ལྷ་ལས་མཛེས་པ།

ཨེ་མ་ཡུལ་ལྗོངས་མཛེས་པ།

བཀྲ་ཤིས་རྟགས་བརྒྱད་ཚང་འདུག།

ཤར་གྱི་དགའ་འདོང་འོག་མ།

རྒྱ་སྟག་སྐྱ་བོ་འགྱིགས་འདྲ།

ཤར་གྱི་དགའ་འདོང་འོག་མ།

རྒྱ་སྟག་སྐྱ་བོ་འགྱིགས་འདྲ།

མཁའ་ལ་ཉི་མ་གསལ་བས།

འཕུར་ལམ་སྔར་ལས་ཡངས་ཤིང།

ས་ལ་མེ་ཏོག་མཛེས་པས།

སྣང་བ་སྔར་ལས་སྐྱེད་བྱུང།

ལྷོ་ཡི་སྐྱིད་ཆུ་སྔོན་མོ།

གཡུ་འབྲུག་འཁྱུག་དང་མཚུངས་པ།

ནུབ་ཀྱི་བྲག་དམར་རྟ་འདོང།

ལྷ་བྱ་དམར་པོ་འཕུར་འདྲ།

ནུབ་ཀྱི་བྲག་དམར་རྟ་འདོང།

ལྷ་བྱ་དམར་པོ་འཕུར་འདྲ།

历史记录

!
提示
播放失败哦,因为我没有版权😂哈哈哈。