01མཐའ་མཇུག་གི་དག་ཞིང་།↗02གཞས་ཚིག རུ་དམ་སྐལ་བཀྲ།↗03གཞས་དབྱངས། རྫོགས་ཆེན་བསྟན་འཛིན།↗04གཞས་མ། ཁམས་སྐྱིད་མཚོ།↗05སྐར་ཆེན་གྱི་ཕྲག་པ་ནས།↗06ས་ཆེན་གྱི་རྩེ་མོ་ལ་ལྟོས་དང་།↗07སྤྲིན་པ་དཀར་པོ།↗08གངས་རི་དུང་ཕྲེང་གི་ཁོང་གསེང་དེ་ནས།↗09ངོ་མཚར་མཐའ་ཡས་ཀྱི་རིག་གཞུང་དང་ཤེས་རབ་ཀྱིས།↗10ནང་བཅུད་ཀྱི་སྐྱེ་བོ་བློ་དང་སྤོབས་པས་བཞེངས་མྱོང་།↗11མཁའ་དབྱིངས་ཀྱི་སྤྲིན་དཀར་ལགས།↗12གངས་གླིང་དང་ཆུ་གཏེར་བརྒལ་ནས།↗13ཕར་ལ་མ་འཕུར། ཚུར་ལ་ལྡིང་དང་།↗14ཡུལ་དེའི་འཚེ་མེད་ཀྱི་དཔྱོད་ཤེས་ཀློང་ན།↗15འགྲོ་ཁམས་ཞི་བདེ་ཡི་རེ་སྨོན་དང་སྐྱབས་འཇུག་ཤོང་ཡོད།↗16མཐའ་མཇུག་གི་དག་ཞིང་ཐོགས་སའི་གནས་མཆོག་འདི་ཡིན།↗17རི་ཆེན་གྱི་ཕྲག་པ་ནས།↗18ཐང་ཆེན་གྱི་ལེབ་མོ་ལ་ལྟོས་དང་།↗19སྤྲིན་པ་དཀར་པོ།↗20གཙང་ཆུ་གཡུ་འབྲུག་གི་དོ་ར་དེ་ནས།↗21སྐྱེ་ཁམས་གཅེས་འཛིན་གྱི་ཉམས་སྣང་དང་འདུ་ཤེས་ཀྱིས།↗22ཕྱི་སྣོད་ཀྱི་ཁོར་ཡུག་ཚེ་དང་སྲོག་གིས་སྲུང་མྱོང་།↗23མཁའ་དབྱིངས་ཀྱི་སྤྲིན་དཀར་ལགས།↗24གངས་གླིང་དང་ཆུ་གཏེར་བརྒལ་ནས།↗25ཕར་ལ་མ་འཕུར། ཚུར་ལ་ལྡིང་དང་།↗26ཡུལ་དེའི་མུ་མེད་ཀྱི་མཛེས་སྡུག་ཀློང་ན།↗27རི་སྐྱེས་སྲོག་ཆགས་ཀྱི་བག་ཡངས་དང་ལྷིང་འཇགས་ཤོང་ཡོད།↗28མཐའ་མཇུག་གི་དག་ཞིང་ཐོགས་སའི་གནས་མཆོག་འདི་ཡིན།↗ + 写一段解读称呼(可选)你的歌词解读无需登录,内容审核后公开。请勿留下联系方式。提交解读 一起聊聊0 条主评论 第一段感受,也许就来自你。 可以直接提交评论与回复。启用 JavaScript 后,可收起回复或每次查看更多 10 条;以下链接可翻阅主评论。 称呼(可选)分享你的理解与感受无需登录,内容审核后公开。请勿留下联系方式。提交评论 ↗