浪者组合歌曲封面
00:00
03:39
🔊

浪者

专辑
浪者
发行日期
2020-10-27
流派
暂无
时长
03:39
播放次数
2,356,789
收藏人数
156,432
歌词
相关信息

作词 : 曲甘

作曲 : 曲甘

བྱ་ཐང་དཀར་རྒོད་པོ་དགུང་ལ་འཕུར།

བུ་སེང་ཕྲུག་འདྲ་བའི་བློ་ཁོག་ཆེ།

སྐྱིད་ཕ་ཡུལ་བྱང་གི་རྩྭ་ཐང་ལ།

བུ་ང་ཚོ་ཕོ་རྒོད་སྐྱེ་ས་རེད།

སྐྱིད་ཕ་ཡུལ་བྱང་གི་རྩྭ་ཐང་ལ།

བུ་ང་ཚོ་ཕོ་རྒོད་སྐྱེ་ས་རེད།

ཡ་ཁོ་རེ་ད་འགྲོ།

དགོང་ཆེན་ཉི་མའི་ཕྱི་དྲོ་ལ།

གྲིབ་ཆེན་ཆུ་ལ་རྒྱག་གི་རྒྱག་གི

ང་ཁྲམ་པ་མི་འདུག་འགྲོ་རྒྱུ་རེད།

རྟ་སྔོ་སྐྱ་གོང་ལ་འཁྱེར་རྒྱུ་རེད།

ཡོབ་སྔ་སོས་མི་བསྣན་ཕྱི་སོས་བསྣན།

སྒབ་མའི་དབུ་གདུགས་བསྐོར།

ཡ་རྔུའི་ཕྱག་རྒྱ་བཅའ།

ཕུ་ཐུང་དྲུག་མདོ་ལ་འཇོག

སྲབ་ལག་པས་མི་བཟུང་གྲུ་མོས་བཟུང་།

ཞྭ་དེ་མགོ་ཕྱེད་ལ་གོན་གདའ་བསམ་བསམས།

སྦོད་དེ་ཕྲག་ཕྱེད་ལ་ཁུར་གདའ་བསམ་བསམས།

སྐྱེས་ཕོ་སར་ཐམས་ཅད་ཀྱིས་མཐོང་དུས་ང་མིན་ཁོ་མིན་བསམ་བསམས།

སྨན་བུ་མོ་ཐམས་ཅད་ཀྱིས་མཐོང་དུས་ངའི་ཡིན་ཁོའི་ཡིན་བསམ་བསམས།

ལམ་སྐྱ་མོ་ཐལ་སྐྱ་པེང་ངེ།

སྦྲེ་ཨ་བྲ་ཐམས་ཅད་ཀི་ཚག་ཐལ་རེ།

ང་ཁྲམ་པ་བུ་ལ་མགོ་སྦྲ་མེད།

གནམ་ཨ་སྔོན་ཁྲམ་པའི་མགོ་སྦྲ་རེད།

བུ་ཨ་སྡུག་ང་ལ་སྡུག་རྒྱུ་མེད།

སྡུག་མུན་པ་རུབ་ན་སྐྲག་རྒྱུ་མེད།

སྐྱིད་རང་ཡུལ་ཨ་སྔོན་དགུང་སྟོད་ན།

དགུང་ཉི་ཟླ་ང་དང་མཉམ་འགྲོ་རེད།

བྱང་རྩྭ་ཐང་སྟེང་གི་མཛེས་མ་ཁྱོད།

ཁྱོད་མཛེས་མའི་ནང་གི་མཛེས་མ་རེད།

བུ་ང་ཚོ་མཛེས་མ་འདོད་ལེ་མིན།

བྱང་རྩྭ་ཐང་ཡོད་པ་མེ་ཏོག་རེད།

བུ་ང་ཚོ་མཛེས་མ་འདོད་ལེ་མིན།

བྱང་རྩྭ་ཐང་ཡོད་པ་མེ་ཏོག་རེད།

བུ་ང་ཚོ་མཛེས་མ་འདོད་ལེ་མིན།

བྱང་རྩྭ་ཐང་ཡོད་པ་མེ་ཏོག་རེད།

བྱང་རྩྭ་ཐང་ཡོད་པ་མེ་ཏོག་རེད།

音乐宣传:谢旦贴吧工作室

历史记录

!
提示
播放失败哦,因为我没有版权😂哈哈哈。