谢旦歌曲封面
00:00
02:49
🔊

康巴公子

专辑
新的结缘
发行日期
2023-10-17
流派
暂无
时长
02:49
播放次数
2,356,789
收藏人数
156,432
歌词
相关信息

作词 : 扎多

作曲 : 谢旦

编曲 : 金强

扎木念:杨杰才让

录音后期:央容阿东

策划:嘉萨豆太加

监制:嘉萨豆太加

ཁམས་པའི་ལྷ་སྲས།

ཚིག རིག་འཛིན་ཧཱུྂ་ཀར་རྡོ་རྗེ།

དབྱངས། ཤེར་བསྟན།

ལེན་མཁན། ཤེར་བསྟན།

ཨ། ཨ་ལ། ཨ།

ཨ་ལ་ལ་ཧོ་ངོ་མཚར་རྨད་བྱུང་། ཡེ།

ཨ་ལ་ལ་ཧོ་དགའ་འོ་སྐྱིད་དོ།

སྐྱབས་ཀྱི་དམ་པ་རིན་ཆེན་རྣམ་གསུམ། ཡ།

བདེ་ཆེན་འཁོར་ལོའི་རྒྱན་དུ་བརྟེན་ཡོད། ཡ།

བདེ་ཆེན་འཁོར་ལོའི་རྒྱན་དུ་བརྟེན་ཡོད། ལ།

ཤེལ། ཤེལ་དཀར་ར། ཤེལ།

ཤེལ་དཀར་ར་པས་ཀུན་ནས་བསྐོར་བའི། ཡེ།

ཆོས་ཚུགས་ཡུལ་དབུས་དག་པའི་ཞིང་འདིར།

སྔོན་གྱི་སྨོན་ལམ་ལས་སྐལ་བཟང་པོའི།

སྐྱེ་འབྲས་ལང་ཚོའི་མེ་ཏོག་བཞད་སོང་། ཨོ།

སྐྱེ་འབྲས་ལང་ཚོའི་མེ་ཏོག་བཞད་སོང་། ལ།

གོ གོ་ལ། གོ

གོ་ལའི་གཙུག་རྒྱན་ཁ་བ་རེ་བའི། ཡེ།

རིས་མེད་རིམ་བྱོན་རིག་འཛིན་པཎ་གྲུབ།

ཆོས་རྒྱུད་མཛད་པོ་གསེར་རིའི་ཕྲེང་བ། ཡ།

བུ་ཆུང་ང་ཡི་ཡང་མེས་དམ་པ། ཡེ།

བུ་ཆུང་ང་ཡི་ཡང་མེས་དམ་པ། ལ།

ཨ། ཨ་ཕ། ཨ།

ཨ་ཕ་སྤྲེལ་རྒན་ལོ་ཀི་ཤྭ་ར། ཡ།

ཨ་མ་བྲག་སྲིན་ཏཱ་རེ་སྒྲོལ་མ། ཡེ།

ཤ་རུས་གདུང་རྒྱུད་གཅིག་པའི་གྲོགས་དག

གངས་ཕྲུག་ང་ཚོའི་སྙིང་གི་དྭངས་མ། ཡེ།

གངས་ཕྲུག་ང་ཚོའི་སྙིང་གི་དྭངས་མ། ལ།

ཀ ཀ་ཡེ། ཀ

ཀ་ཡེ་བསིལ་ལྡན་ཁ་བའི་སྙིང་གྲོགས། ཡེ།

དལ་ལུང་སྙན་གྱིས་ཅུང་ཙམ་གསོན་དང་།

གངས་སེང་དཀར་མོའི་གདུང་རྒྱུད་ང་ཡིས། ཡེ།

རང་རིགས་རུས་པའི་ལ་རྒྱ་མཚོན་བྱེད། ཡེ།

རང་རིགས་རུས་པའི་ལ་རྒྱ་མཚོན་བྱེད། ལ།

སེམས། སེམས་གཏམ། སེམས།

སེམས་གཏམ་དཀར་ཡོལ་འོ་མའི་བཅུད་ལྡན། ཡེ།

ལྷག་བསམ་བཀྲ་ཤིས་དར་དཀར་རྒྱུད་ནས། ཡེ།

ཕ་ཡུལ་གངས་ལྗོངས་སྤུན་ལ་འབུལ་པའི། ཡེ།

དོན་ཆུང་མ་དགོངས་ལས་བཞེས་གནང་རོགས།

དོན་ཆུང་མ་དགོངས་ལས་བཞེས་གནང་རོགས། ལ།

དོན་ཆུང་མ་དགོངས་ལས་བཞེས་གནང་རོགས། ལ།

历史记录

!
提示
播放失败哦,因为我没有版权😂哈哈哈。