KAMIKAZE歌曲封面
00:00
03:31
🔊

《2019·Losar Cypher》

专辑
《2019·Losar Cypher》
发行日期
2019-02-05
流派
暂无
时长
03:31
播放次数
2,356,789
收藏人数
156,432
歌词
相关信息

作词 : ALLSTAR

作曲 : HIGH LANDA

出品人:Rum.多旺

音乐制作:HIGHLANDA达尔嘎

Verse1.拉萨

ཞོགས་པ་ཡར་ལངས་སྤོ་སྐྲ་འཁྱག་པ་གཅིག་ལངས།

དེ་ནས་ཕྱུ་པའི་རྐུབ་བཟོ་དེ་བརྒྱ་ཆ་བརྒྱ།

ཤོག་སྦག་གི་སྐད་དཀྱིལ་ནས་ཧ་ཧུ་བྱས་བསྡད།

ཤ་དང་ལ་ཕུག་རྡོག་བཙོས་བརྒྱབ་བྱས་བཟས།

ཁ་ཤས་ཚེས་གཅིག་གི་ཞོགས་པ་ནས་ར་བཟི་བསྡད།

ཁ་ཤས་ནང་ལ་ཕྲུ་གུ་གླགས་མ་འཁེལ་བར་བསྡད།

ཕྱེ་མར་དེ་ལག་པར་འཁྱེར་བྱས་ག་ས་ག་ལ་རྒྱུག

ཕྱུ་པ་དེ་ཡར་འཛེག་བྱས་དངུལ་ཕོར་ནང་ལ་ཨ་རག་བླུགས།

Verse2.日喀则

ཨ་ཅོ་ ཨ་ཁུ་ཁོ་ཚོ་ནུ་རུ་བཞུགས་ཅི་ལགས།

ང་ཚོ་ལོ་ཆུང་ཁོ་ཚོས་ཆང་གཞས་ཅིག་བཏང་གའ།

དེ་རིང་མང་ཙམ་མཆོད་བ་གནང་ཅིག་ཨི་དང་ཨི་སྤགས།

གསང་དང་ གནང་དང་ལོ་གསར་འདི་ལ་སྐྱིད་ཞང་གནང་ཅག

གམ་པའི་ལུག་གི་ལུག་མགོ་འདི་ཞིམ་པ་ལ་ཞིམ་ཚོད་ཁོ་རང་མིན་འདུག

མཇལ་ཤུལ་མཆོད་ག་ལ། ཡིབ་པ་མ་གནང་ཅི།

འཇིབ་ཙམ་བྱས་བ་མ་གནང་ཅི།

དཔེ་ལ་དཔེ་ལ་ དེ་རིང་ མི་ལ་མི་ལ།

འོ་ན་ ཆ་ལ་ སྒོར་གཞས་ འཁྲབ་ཅིག

Verse3.林芝

ཁོ་རེ་ ཁོ་རེ་ འདི་ག་རེ་ ག་རེ་

འདི་ཉི་མ་ཁྲི་དེ་འདུག་ས་ཀོང་པོ་རེད།

དོང་པོ་ཨ་ཉུང་འདུག རོང་ཨ་ཉུང་གུག ངས་རྒྱ་ཞྭ་གཡག་ལོ་གྱོན་བྱས་པི་གཞུ་གཅིག་རྡུང་།

ཀོང་པོ་ གཡུ་ཡི་ལུང་པ་ ཨ་དར་ཨ་སྐྱིད་སེམས་པ་གཙང་མོ་ གཡུ་དང་འདྲ་མོ།

འཇིགས་ག་ལ་ ཧ་ལས་ འཇིགས་ག་ལ་ ག་རེ་

people visit and move out here

ཇོ་པོ་ཤོག ཇོ་པོ་ཤོག

གཡུང་དྲུང་རྟག་གཟུགས་ཀྱི་ལྷམ་འདི་གྱོན་ནས་སྔོ་ལྗང་ལྷ་རི་གསོལ།

མ་ནང་ཀོ། མ་ནང་ཀོ།

ཀོང་པོ་ས་འདི་ལས་སྐྱིད་པ་བྱེད་མཁན་ཡོད་མདོག་མ་ནང་ཀོ།

Hook1

འབྲས་དཀར་བསམ་པའི་དོན་གྲུབ་ལ།

སྐྱིད་པོ་ཨ་ཡོང་བསམ་བྱུང་ལ།

ཁྱེད་རང་ཡོང་ས་ག་ནས་ཡོང་།

ང་རང་ཡོང་ས་བོད་ནས་ཡོང་།

འབྲས་དཀར་བསམ་པའི་དོན་གྲུབ་ལ།

སྐྱིད་པོ་ཨ་ཡོང་བསམ་བྱུང་ལ།

ཁྱེད་རང་ཡོང་ས་ག་ནས་ཡོང་།

ང་རང་ཡོང་ས་བོད་ནས་ཡོང་།

Verse4.山南

ད་ག་ལེར་ག་ལེར་བྱེད། བྲེལ་བ་གཅིག་མ་བྱེད།

གཟབ་སྤྲོས་Gucci Nike ཚང་མ་མར་པིད།

དེ་ལས་ང་ཚོའི་བོད་ཆས་གཙང་གཙང་དེ་ཡར་དཀྲིས།

ལོ་གསར་ཚེས་པ་གཅིག་གོང་ནས་གྲོགས་པོའི་ནང་ལ་འཐུང་བར་ཕྱིན།

སྦོག་དམ་གཅིག་མ་རིལ་གོང་ནས་སུ་གཅིག་ལོག་འགྲོ་ཡས་མིན་ཏིག་ཟེར་ཀྱིས།

ཁྱད་ཁོ་ར་ད་མིན་ཏིག་ གང་དར་མ་དར་ང་ཚོ་ represent TIBET

Verse5.那曲

ད་བཏབ་བཞག་པའི་ས་བོན་འབྲས་བུ་སྨིན་ཚོད་རེད།

ད་འཁྲབ་ ནག་ཆུའི་བུ་ལ་ཡོད་པ་རྡོག་བྲོ་རེད།

ལོ་གསར་གྱི་ཕུད། ལོ་ཕུད་ཀྱི་ཕུད། གྲོ་མ་དང་ཐུད། རྩམ་པའི་བཅུད།

ཉི་ཤུ་དགུའི་དགོང་གི་སླུས།

འཐབ་ནང་གི་མེ་དེ་ཚ་རུ་ཚ་རུ་འབར།

འཁྲབ་བསྡད་པའི་བྲོ་འདིའི་མཉམ་དུ་ལོ་དེ་གསར།

ལོ་གཅིག་ཞག་པོ་༣༦༥ མདོར་ན་ང་ལ་སྤུན་ཡ་མེད་པ་ནད་དང་ན་ཚ།

Verse6.昌都

ཁམས་ཕྱོགས་ནས་འཕུལ་བའི་སྨོན་ཚིག

ལོ་གསར་ལ་བཀྲིས་ཤོག

ཁམས་ཕྲུག་ངས་བཏང་བའི་གཞས་ཚིག

རྣམས་པ་ཚོས་དགའ་བ་ཤོག

སྤྲོ་བ་སེམས་ནས་ཤར། ཉི་མ་ཁ་ནས་ཤར། སྐྱིད་པའི་གླུ་དང་གར།

སྟོད་དབུས་ནས་བཀྱགས་པའི་ཕྱེ་མར་འདིས་ཚེ་འདི་ལ་བདེ་སྐྱིད་ཐོབ་པར་ཤོག

བར་ཨ་མདོའི་བླངས་བའི་རྡུང་ལེན་འདིས་ལོ་སར་ལ་སྐྱིད་པོ་ཡོང་བར་ཤོག

སྨད་ཁམས་ནས་འཕུལ་བའི་བདུད་རྩིའི་ཆང་། ལུས་ན་ཚ་མེད་པའི་བཀྲིས་ཤོག

Verse7.阿里

མངའ་རིས་ མངའ་རིས་ གང་དཀར་ཏི་སེ་དཀྱིལ་ལ་རེད་ད་

རེད་ད་རེད་ད་ མ་ཕམ་གཡུ་མཚོ་ཟུར་ལ་རེད་ད་

སྔོན་མ་ཞང་ཞུང་དང་ད་ལྟ་བོད་ཡུལ་སྟོད་གྱི་ས་ཆ།

སེང་གེ་ཁ་འབབ་དང་སྔོན་མ་གུ་གེ་རྒྱལ་རབས་ཀྱི་མི་རྒྱུད།

ཞང་ཞུང་ འབྲུ་རིགས་སྣ་མང་ཞིང་པ་སྐྱིད།

མཛེས་ལྗོངས་ མང་ལ་ཨེ་མོ་འཇིགས་ཚ་རེད།

ཞང་ཞུང་ ཤ་མར་ཐུད་གསུམ་འབྲོག་པ་སྐྱིད།

མཛེས་ལྗོངས་ མཛེས་ལ་བླ་ལུ་བླ་མོ་སྐྱིད་གླུ་ཅིག

Hook2.

འབྲས་དཀར་བསམ་པའི་དོན་གྲུབ་ལ།

སྐྱིད་པོ་ཨ་ཡོང་བསམ་བྱུང་ལ།

ཁྱེད་རང་ཡོང་ས་ག་ནས་ཡོང་།

ང་རང་ཡོང་ས་བོད་ནས་ཡོང་།

ཁྱེད་རང་ཡོང་ས་ག་ནས་ཡོང་།

ང་རང་ཡོང་ས་བོད་ནས་ཡོང་།

ཁྱེད་རང་ཡོང་ས་ག་ནས་ཡོང་།

ང་རང་ཡོང་ས་བོད་ནས་ཡོང་།

历史记录

!
提示
播放失败哦,因为我没有版权😂哈哈哈。