
记忆沉静
作词 : 岗华
作曲 : 佐庆丹真
男:
ལས་ལ་དབང་ཐབས་མེད་པ།
ལག་པས་གཏོང་ཐབས་བྱས་ཀྱང་། ཨེ།
བློ་ལ་མཉམ་སྐྱེས་བྱུང་བ།
སེམས་པས་གཏོང་ཐབས་མི་འདུག
女:
ལྷ་སའི་བུ་རམ་རྟ་རྨིག
ཁ་ལ་ཞིམ་ཚོད་ལོན་པ།
དམར་ཆུང་སེམས་ཀྱི་ཟས་སྐལ།
རིན་ཆེན་གསེར་གྱིས་མི་ཁུག
合:
བསྭོ། དམར་ཆུང་སེམས་ཀྱི་ཟས་སྐལ། ཡེ།
བསྭོ། རིན་ཆེན་གསེར་གྱིས་མི་ཁུག
དམར་ཆུང་སེམས་ཀྱི་ཟས་སྐལ།
རིན་ཆེན་གསེར་གྱིས་མི་ཁུག
男:
ནམ་མཁར་སྐར་གྲལ་འགྲིག་ཀྱང་།
སྨིན་དྲུག་འདྲ་ལེ་མི་འདུག
ན་ནིང་སྤྱན་གྱིས་གཟིགས་པས།
ད་ལོར་ཐུགས་ལ་ཤར་བྱུང་།
女:
མ་ངེས་སྐྱིད་སྡུག་ཤར་བའི།
ལས་ཀྱི་ནམ་མཁའ་སྔོན་པོར།
འདང་གི་ཉི་ཟླ་འབྲི་བའི།
ཆུང་འདྲིས་སྙིག་གི་ཚི་ལུ།
合:
བསྭོ། འདང་གི་ཉི་ཟླ་འབྲི་བའི།
བསྭོ། ཆུང་འདྲིས་སྙིག་གི་ཚི་ལུ།
འདང་གི་ཉི་ཟླ་འབྲི་བའི།
ཆུང་འདྲིས་སྙིག་གི་ཚི་ལུ།
男:
སྐྱིད་སྡུག་ན་བུན་འཐིབ་པའི།
སྣང་བའི་རི་རྩེ་དེ་ལ།
དམ་བཅའ་ཚེ་ལ་བསྲིངས་པའི།
ཚིག་གི་དར་ལྕོག་སྒྲེང་ཡོད།
女:
དར་ལྕོག་ཁ་གང་ངོས་ཀྱི།
ཚིག་ལ་འགྱུར་བ་མེད་པའི།
རྟིང་མ་མནའ་ཡི་བཀའ་གདམས།
སྐྱེ་འཆིའི་སྲོག་གིས་དཔར་ཡོད།
合:
བསྭོ། རྟིང་མ་མནའ་ཡི་བཀའ་གདམས།
བསྭོ། སྐྱེ་འཆིའི་སྲོག་གིས་དཔར་ཡོད།
རྟིང་མ་མནའ་ཡི་བཀའ་གདམས།
སྐྱེ་འཆིའི་སྲོག་གིས་དཔར་ཡོད།
རྟིང་མ་མནའ་ཡི་བཀའ་གདམས།
སྐྱེ་འཆིའི་སྲོག་གིས་དཔར་ཡོད།