贡布酒歌
作词 : 洛绒德勒
作曲 : 洛绒德勒
女:
ཨེ་མ་ཅེ་བསྭོ།
སེམས་ལ་འཆང་བའི་དད་པའི་ཨ་ལོང་དེ།
ཡ་ལ་བསྭོ། ཨེ་མ་ཅེ་བསྭོ།
འགྱུར་བ་མེད་པའི་དཀོན་མཆོག་གསུམ་ལ་འབུལ།
ཨ་ལ། བཀྲ་ཤིས་ཤོག
ཨེ་མ་ཅེ་བསྭོ།
ལུས་ངག་ཡིད་ཀྱི་མཆོད་པ་རྣམ་གསུམ་དེ།
ཡ་ལ་བསྭོ། ཨེ་མ་ཅེ་བསྭོ།
སྙིང་གི་རྩ་བའི་བླ་མ་ཁྱེད་ལ་འབུལ།
ཨ་ལ། ཕུན་སུམ་ཚོགས།
男:
གནམ་ལ་སྐར་མ་བཟང་བས་གླུ་དབྱངས་སྙན་མོ་ལེན་ཤོག
ས་ལ་ལོ་ཏོག་ཡག་བས་ཞབས་བྲོ་ལན་གསུམ་བརྒྱབ་ཤོག
གནམ་ལ་སྐར་མ་བཟང་བས་གླུ་དབྱངས་སྙན་མོ་ལེན་ཤོག
ས་ལ་ལོ་ཏོག་ཡག་བས་ཞབས་བྲོ་ལན་གསུམ་བརྒྱབ་ཤོག
合:
སྐོར་ར་གཡོན་སྐོར་གཡོན་ལ་ལན་གསུམ་ཞིག་རྒྱོབ་ཤོག
ལེ་སི་མ་ལ་གཅིག
སྐོར་ར་གཡས་སྐོར་གཡས་ལ་ལན་གསུམ་ཞིག་རྒྱོབ་ཤོག
ལེ་སི་མ་ལ་གཉིས།
男:
ཨེ་མ་ཅེ་བསྭོ།
ལག་ལ་ཡོད་པའི་བཀྲ་ཤིས་ཁ་བཏགས་དེ།
ཡ་ལ་བསྭོ། ཨེ་མ་ཅེ་བསྭོ།
དྲིན་ཆེན་ཕ་མ་སྤུན་མཆེད་ཡོངས་ལ་འབུལ།
ཡ་ལ། བཀྲ་ཤིས་ཤོག
ཨེ་མ་ཅེ་བསྭོ།
གཡོན་ལ་བཞག་པའི་མཆོད་ཆང་བདུད་རྩི་དེ།
ཡ་ལ་བསྭོ། ཨེ་མ་ཅེ་བསྭོ།
ང་ཡི་གྲོགས་པོ་ལྷན་རྒྱས་ཡོངས་ལ་འབུལ།
ཡ་ལ། ཕུན་སུམ་ཚོགས།
女:
གསེར་གྱི་ཉི་མ་ཤར་བྱུང་། དགའ་བའི་གླུ་དབྱངས་བླངས་ཤོག
དུང་གི་ཟླ་བ་དཀར་སོང་། སྐྱིད་པའི་གར་ལ་རོལ་ཤོག