
黄金时段 伴奏
作词 : 浪者组合
作曲 : 浪者组合
编曲 : 浪者组合
གོང་དགོན།
གོང་དགོན་ལགས།
བཤད་སྒྲུབ་ཀྱི་དགའ་ཚལ།
དད་འདུན་གྱི་ས་བོན་བསྐྲུན་ས།
གོང་དགོན།
ལོ་ཟླའི་ཀྱོག་མཚམས་ཀྱི་ཁྲོད་ན་ལྷང་ངེ་རུ་འགྱིང་པའི་གོང་དགོན།
ལོ་ངོ་དྲུག་བརྒྱ་ལ་བརྒྱུད་པའི་ལོ་རྒྱུས་ཀྱི་རྡོ་རིང་།
གོང་དགོན།
དྭངས་གཙང་ལོ་རྒྱུས་མཛེས་པའི་འགྱུར་མེད་གྱི་གཙུག་རྒྱན།
གོང་དགོན།
གོང་དགོན།
ང་ཡི་གོང་དགོན་ལགས།
དྲན་པའི་སེམས་ན་བཞད་པའི།
དད་རྟེན་ཕ་མཁར་སྨུག་པོ།
སྙིང་ཁུང་ན་བཞེངས་ཡོད།
རུས་གསེང་ན་ཐིམ་ཡོད།
ངའི་ཡོད་ཚད་ནས་ཡོད་ཚད་དེ་ཡིན།
གོང་དགོན།
གོང་དགོན་ལགས།
སློབ་དཔོན།
སློབ་དཔོན་ལགས།
མཁས་གྲུབ་ཀྱི་གདན་སར།
ཐོས་བརྩོན་ཀྱི་ཉམས་རྟོགས་རྒྱས་པའི།
སློབ་དཔོན།
མཁས་པའི་གྲགས་སྙན་གྱི་རྒྱལ་རྔ་ཕྱོགས་མཐར་རུ་གྲགས་སོང་།
བཤེས་གཉེན།
ཡུལ་འདིར་རྫོགས་ལྡན་གི་སྐྱ་རེངས་བསུ་མཁན་གྱི་ཕོ་ཉ།
བཤེས་གཉེན།
རྣམ་དཀར་ལེགས་བྱས་ཀྱི་བྱིན་རླབས་ཚན་ཁ་དེ་འབར་བྱུང་།
གཤེས་གཉེན།
གཤེས་གཉེན།
ང་ཚོའི་གཤེས་གཉེན་ལགས།
ཁྱེད་ཀྱི་མཛད་འཕྲིན་དར་རྒྱས།
ཁྱེད་ཀྱི་སྐུ་ཚེ་རྟག་བརྟན།
སེམས་ཁུང་གི་ཉི་མ།
མུན་སེལ་གྱི་སྒྲོན་མེ།
འདི་ཕྱའི་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ཡིན།
བཤེས་གཉེན།
བཤེས་གཉེན་ལགས།
བསྐལ་བཟང་།
བསྐལ་བཟང་ལགས།
རྫོགས་ལྡན་གྱི་བསྐལ་བཟང།
གཞུང་ལུགས་རབ་འབྱམས་པའི་དུས་སྟོན།
བསྐལ་བཟང་།
བཀྲ་ཤིས་དུས་བཟང་གི་ཉི་མ་ཚོགས་དབུས་ནས་ཤར་དུས།
བསྐལ་བཟང་།
ལེགས་འབྲས་ཆོས་ཀྱི་དགའ་སྟོན་འབྲས་བཟང་དེ་སྨིན་སོང་།
རྟེན་འབྲེལ།
སྲས་བཅས་རྒྱལ་བ་དེ་དགྱེས་པའི་མཆོད་སྤྲིན་ཞིག་སྤྲོས་ཡོད།
མཆོད་པ།
མཆོད་པ།
ང་ཡིས་མཆོད་པ་ཕུལ།
མཆོད་སྤྲིན་སེམས་ཀྱི་མེ་ཏོག
ཚོགས་ཀྱི་ཞིང་ལ་ཕུལ་ཡོད།
ལེགས་བྱས་ཀྱི་དགེ་ཚོགས།
འགྲོ་ཀུན་དོན་དུ་བསྔོ་ནས།
ངས་བཀྲ་ཤིས་དང་སྨོན་ལམ་ཞུས་ཡོད།
བཀྲ་ཤིས།
བཀྲ་ཤིས་ཤོག