宠善之耀
作词 : 藏巴嘎桑益西
作曲 : 谢旦
སྐྱིད་པའི་ཡོ་ལང་གཡང་གི་དཔལ་ལ་ཤར།།
གཞོན་པའི་སྤྲོ་སྣང་བཞིན་གྱི་འཛུམ་དུ་འཁྲུངས།།
ཤེས་རིག་མེ་ཏོག་བཞད་པའི་དོ་ར་ན།།
དགའ་སྤྲོའི་རྩེད་འཇོའི་ཨ་ལོང་ལྷུན་གྱིས་འཁོར།།

སྙན་པའི་དབྱངས་རྟ་ལང་ཚོའི་དཔལ་ལ་ཤར།།
དར་མའི་སེམས་ཤུགས་སྤྱོད་ཀྱི་འགྲོས་དང་གཤིབ།།
ལས་བཞིའི་བསོད་ནམས་སྐྲུན་པའི་ལྡིང་ཁང་ན།།
སྤོབས་པའི་དཔུང་ཆེན་མདུད་པ་དམ་དུ་སྦྲེལ།།

བྱམས་པའི་ཟེར་ཕྲེང་བརྩེ་བའི་གྲོགས་ལ་ཤར།།
རྒན་པའི་ལྷག་བསམ་ཕན་པའི་ལས་ལ་འགྲོག།
དཀྱེལ་ཆེན་དཔེ་རུ་འཁྲུངས་བའི་ཞིང་ས་ན།།
ལེགས་བྱས་བསོད་ནམས་འབྲས་བུས་བང་མཛོད་གཏམས།།