
00:00
03:46
青涩漫画
歌词
相关信息
作词 : 阿日曲旦太
作曲 : 理塘旦真
མི་ཚེ་འཚོ་བའི་ཁ་ཕྱོགས། དར་རྒུད་རེས་སུ་འཁོར་རེད།
དགའ་སྐྱོའི་སེམས་ཁ་སྙི་བའི། འོ་ཚོ་ཐེངས་གཅིག་མགྲོན་ཡིན།
དགོད་ན་འདུ་འཛོམས་མི་དགོས། ཕམ་དུས་དཔུང་གྲོགས་གལ་ཆེན།
འཁོར་བའི་གྲུ་ཟུར་རེ་ནས། ལག་འཇུ་མ་ལྷོད་དེས་ཆོག
བརྩེ་བའི་ལམ་ཆེན་སྟེང་ནས། དགྱེས་འཛོམས་ལས་ཀྱི་བསྡུས་རེད།
སྣང་བའི་མེ་ལོང་ངོས་ཀྱི། འོ་ཚོ་ཐེངས་གཅིག་མགྲོན་ཡིན།
ཁྲག་གི་ཁ་དན་མི་དགོས། མཁོན་ཚིག་དུག་མདའ་མ་འཕེན།
མཛའ་དང་མཐུན་པའི་བར་ལ། གས་ཆག་མེད་ན་དེས་ཆོག
འཇིག་རྟེན་སྒྱུ་མའི་གྲོང་ན། སུ་ལ་ཡིད་རྟོན་མེད་རེད།
མི་རྟག་ལས་ཀྱི་བསྡུས་པའི། འུ་ཚོ་ཐེངས་གཅིག་མགྲོན་ཡིན།
མངོན་ནས་ངོ་བསྟོད་མི་དགོས། ཕག་ནས་སྐྱོན་འདོགས་མ་བྱེད།
མི་དང་མི་ཡི་བར་ལ། འགལ་འདུ་མེད་ན་དེས་ཆོག
མངོན་ནས་ངོ་བསྟོད་མི་དགོས། ཕག་ནས་སྐྱོན་འདོགས་མ་བྱེད།
མི་དང་མི་ཡི་བར་ལ། འགལ་འདུ་མེད་ན་དེས་ཆོག
འགལ་འདུ་མེད་ན་དེས་ཆོག