
心
作词 : 科贝拉舍
作曲 : 冷智
编曲 : 金强
龙头琴:杨杰才让
录音:央容阿东
后期:央容阿东
དུས་རབས་རེ་དང་འཕོ་འགྱུར་རེ།
འཕོ་འགྱུར་རེ་ལ་སྣང་ཚུལ་རེ།
སྣང་ཚུལ་རེ་རེའི་ནང་རོལ་ན།
དགོད་དུ་མེད་པའི་ལོ་རྒྱུས་ཡོད།
སྣང་ཚུལ་རེ་རེའི་ནང་རོལ་ན།
དགོད་དུ་མེད་པའི་ལོ་རྒྱུས་ཡོད།
ལོ་རྒྱུས་རེ་དང་གཏམ་རྒྱུད་རེ།
གཏམ་རྒྱུད་རེ་ལ་འགྱུར་དྲན་རེ།
འགྱུར་དྲན་རེ་རའི་བསམ་གཞིག་ན།
དགའ་སྐྱོ་དུ་མའི་ཚོར་སྣང་ཡོད།
འགྱུར་དྲན་རེ་རའི་བསམ་གཞིག་ན།
དགའ་སྐྱོ་དུ་མའི་ཚོར་སྣང་ཡོད།
ཚོར་སྣང་རེ་དང་ལས་དབང་རེ།
ལས་དབང་རེ་ལ་སྐྱིད་སྡུག་རེ།
སྐྱིད་སྡུག་རེ་རའི་གནས་ཚུལ་ན།
མངར་སྐྱུར་འབྲེལ་བའི་འཚོ་བ་ཡོད།
སྐྱིད་སྡུག་རེ་རའི་གནས་ཚུལ་ན།
མངར་སྐྱུར་འབྲེལ་བའི་འཚོ་བ་ཡོད།
ཚོ་བ་རེ་དང་ཕུགས་འདུན་རེ།
ཕུགས་འདུན་རེ་ལ་རེ་དོགས་རེ།
རེ་དོགས་རེ་རེའི་རྒྱབ་ཕྱོགས་ན།
མདོར་ལེན་བསྐལ་བའི་མྱ་ངན་ཡོད།
རེ་དོགས་རེ་རེའི་རྒྱབ་ཕྱོགས་ན།
མདོར་ལེན་བསྐལ་བའི་མྱ་ངན་ཡོད།
རེ་དོགས་རེ་རེའི་རྒྱབ་ཕྱོགས་ན།
མདོར་ལེན་བསྐལ་བའི་མྱ་ངན་ཡོད།