
绝望幸福的生活
作词 : 索呐央念
作曲 : 公保东知
编曲 : 索呐央念
ཁྱིམ་ཡ་ཕུག་ཐབ་ཀའི་རྩིབ་ནས།
ངས་མ་ཎི་འཁོར་ལོ་སྐོར་དུས། ཡེ།
ངའི་གྲོགས་མོ་བཀྲ་ཤིས་སྒྲོལ་མས།
ངག་གཉོམ་ཤ་ཅན་གྱི་བར་ནས། ཡེ།
ཕོ་བཟང་པོ་ལྷ་སྲས་དོན་འགྲུབ།
ཁྱོད་བལྟ་རུ་ཐོན་ཐལ་ཟེར་གི
ང་མྱུར་མོ་ཡར་ལ་ལངས་ནས། ཡེ།
ཁྱིམ་གྲུ་བཞིའི་སྒོ་ཁ་བུད་ན། ཡེ།
རོགས་འདང་ཆེན་ལྷ་སྲས་དོན་འགྲུབ།
རྟ་རྐྱང་དཀར་ཞོན་ནས་ཐོན་འདུག
ངས་མཚམས་འདྲིའི་ཚིག་གསུམ་བཤད་འདོད།
བཤད་འདོད་ཀྱང་ཤོད་ས་མ་རེད།
རོགས་འདང་ཅན་སྙིང་གི་ཕྱེད་ཀ ཡེ།
ཕ་མེད་རུང་ཕ་ཡི་ཚབ་ཡིན།
ངའི་ངག་སྒོ་འདར་མ་འདར་གི
ངའི་མིག་མཐའ་མཆི་མས་སྐོར་ཞོར།
སྦྲ་ནག་པོའི་ཆོན་ཐག་བར་ནས། ཡེ།
རོགས་ཆུང་ལོར་ཁ་བརྡ་བྱས་ན། ཡེ།
ང་ཉམ་ཆུང་བུ་མོའི་ལས་དབང་།
སྡེ་སྟོད་སྨད་གཉིས་ཀས་ལེ་ཤེས། ཡེ།
སྡུག་རི་ཐོག་རི་བཞག་ཡིན་ནོ།
ངས་མ་བཤད་ཁྱོས་ར་ལེ་ཤེས། ཡེ།
སྐྲ་ལན་བུའི་ལན་རྐང་འཐོར་ཐལ། ཡེ།
སེམས་ཡ་ཆུང་སྨུག་གི་བཟུང་ཐལ།
ལག་ཙན་དན་ཕྲེང་བ་དཀར་པོ།
སྐྱབས་རེ་ས་གཅིག་པུ་འདི་རེད། ཡེ།
ང་ལས་ངན་བུ་མོ་ཟེར་ནོ། ཡེ།
སྐྱིད་འཚོ་བའི་རེ་ཐག་ཆད་ཐལ།