
00:00
02:07
不灭甘露伏藏瓶
歌词
相关信息
作词 : 邬金久美多杰
作曲 : 罗萨
ཚེ་དཔག་མེད་དང་རྣམ་པར་རྒྱལ་མ་དང་།།
ཚེ་ཡི་ལྷ་མོ་ཡིད་བཞིན་འཁོར་ལོ་སོགས།།
ཚེ་དབང་རིག་འཛིན་ལྷ་དང་སྲུང་མ་ཡིས།།
ཚེ་དཔལ་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ།།
སྔོན་སྨོ་དྲི༵་མེ༵ད་པའི་ལྷ་ལམ་དབྱིངས།།
ཕུལ་བྱུང་བློ༵་གྲོ༵ས་ཉིན་མོའི་དབང་ཕྱུག་གིས།།
བཅུ་ཕྲག་ཤེས་བྱ་སྣང་བའི་རྩེ་དགའ་ཅན།།
ཞབས་པད་གླིང་བཞིའི་རྒྱན་དུ་བརྟན་གསོལ་འདེབས།།
ཁྱབ་བདག་མཚུངས་མེད་བླ་མའི་ཕྲིན་ལས་ཀྱི།།
བྱེད་པོར་རབ་བསྔགས་མཛད་བཟང་བདུད་རྩིའི་གཏེར།།
བསྟན་འགྲོའི་ཕན་བདེའི་དཔལ་དུ་ལེགས་སྨིན་ནས།།
ཕྲིན་ལས་ནུས་པས་ས་གསུམ་ཁྱབ་པར་ཤོག།
ཕྲིན་ལས་ནུས་པས་ས་གསུམ་ཁྱབ་པར་ཤོག།