
守心 伴奏
作词 : 浪者组合
作曲 : 浪者组合
编曲 : 浪者组合
ཁོ་ཚོའི་འཚོ་བ་ཁོ་ཚོ་རེད།
རང་གི་མདུན་ལམ་རང་གིས་འཚོལ།
དེ་ལ་ཇུས་གཏོགས་དེ་དགོས་ལེ་མ་རེད།
རང་ཁ་ལ་བདག་པོ་རྒྱོབ།
གོ་ཚད་དེ་མ་ཤོད།
ལབ་ཚད་དེ་མ་ཉན།
ཨ་ཕོ་དགའ་དགའ།
ཕོ་གསར་མོ་གསར་ཚོ།
གོ་དང་མ་གོ་བར་ལ་མི་ཁ་གཅིག
རིག་དང་མ་རིག་བར་ལ་དཀྲོག་གཏམ་གཉིས།
ཤེས་དང་མ་ཤེས་བར་ལ་ཚིག་ལྷག་གསུམ།
༡༢༣༤
རང་ཚུགས་དེ་མ་ཤོར།
གཞན་སེམས་དེ་མ་དཀྲུགས།
ཡ་་་ཨ་བུ་ཁྱོད།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ལ་ལྟ་བའི་མེ་ལོང་དགོས།
རང་ངོ་ལ་གཡག་རྒྱུག་པ་མ་མཐོང་།
མི་ངོ་ལ་ཤིག་རྒྱུག་པ་མཐོང་ཨི་གདའ།
ང་རྒྱལ་དང་ཁོང་ཁྲོ་དོན་མེད་སྟོང་པ་རེད།
འཛམ་གླིང་ཇུས་གཏོགས་བྱེད་ཡག་དེ།
རང་གིས་འཇོན་ལེ་མ་རེད།
རང་གི་འཚོ་བའི་ཆེད་དུ་དཀའ་ལས་ཀྱི་རྔུལ་ནག་ཡང་དོན་འདུག
དེའི་སྒང་ལ་ཇུས་གཏོགས་ཀྱི་རྣམ་གྲངས་མཐོ་འཕར་ཞིག་བླངས་ན།
དོད་རང་གི་བསམ་བློ་ཐོངས་དང་རང་ལ་དུས་ཚོད་ཨི་གདའ།
ཁྱོད་ཀྱིས་སེམས་ངན་ཞིག་ཁྱེར་ནས་གཞན་གྱི་ལམ་ཁ་བཀག་ན།
སོ་སོ་སྐྱིད་པོ་ཡོང་ས་ཨི་གདའ།
ཧ་ཧ་ཧ་་་
གྲོང་གསེབ་དང་གྲོང་ཁྱེར།
སྐད་འཕྲིན་དང་འཁྱུགས་གཡེང་།
དེ་ཚོའི་ནང་ལ་སྐོར་འཁྱམ་བརྒྱབ་ནས།
འཛམ་གླིང་ཇུས་གཏོགས་བྱེད་ཡག་མ་གཏོགས།
གཞན་དག་འཇོན་ཐང་ཏོག་ཙམ་མེད་ནོ་ཤ་ཉེ།
ཁྱོད་ཆུང་དུས་ཨ་ཕ་དང་ཨ་མའི་བཟང་པོ་བྱེད་ཡག་གི་སློབ་གསོ་ཁ་ཤས་ཉན་མྱོང་མེད་ན།
གནས་ལུགས་དེ་ཚོ་ང་རང་གཉིས་ཀྱིས་ཁྱོད་ཀྱི་རྣ་བའི་ནང་ལ་བླུགས་ཐུབ་ལེ་བཟོ་ཆོག
ཇུས་གཏོགས་རེད།
སྟར་ཀ་རེད།
ཁོར་ཅག་མོ།
ཁྱེད་ཅག་མོ།
དུས་ཚོད་ཡོད་དུས་ཤེལ་སྒོའི་ནང་ལ་བལྟ་ཙམ་བྱས་དང་།
སོ་སོས་གདོང་པགས་དེ་མཐོང་དུས།
གདོན་འདྲེ་ཐམས་ཅད་ཧ་ལམ་བླ་ཁྱེར་ནས།
འབྲོས་འགྲོ་ས་རེད།
གབ་འདུག་ས་རེད།
སྨྱོ་འདུག་ས་རེད།
ང་རྒྱལ་དང་ཁོང་ཁྲོ།
ཞེ་སྡང་དང་ཕྲག་དོག
རྫུན་གཏམ་དང་གཡོ་སྒྱུ།
དེ་ཚོ་དུས་ནམ་ཡང་།
ཟློག་པ་དང་ཞི་བར་གྱུར་ཅིག
ཁོ་ཡི་ཁ་གཏང་ངས་མ་བྱེད།
ང་ཡིས་གང་བཤད་ཁྱོས་མ་བཤོད།
ཁྱོད་ལ་ཇུས་གཏོགས་དང་སྟར་ཀ་དེ་རེད།
རྒྱབ་བཤད་དེ་ཉུང་ཙམ་བྱས།
ཁོ་བཟང་འདུག་མ་ལབ།
དེ་སྐྱོ་འདུག་མ་བཤོད།
ཤ་ཉེ་དགའ་དགའ།
ཨ་རོགས་ཡ་སྤུན་ཟླ་ཚོ།
ཁོས་ཀྱི་སྣེས་འདྲེས་སྣེས་འདྲེས་ལས་དང་གཅིག
མོས་གི་འདི་འདྲ་འདི་འདྲ་བཤད་དང་གཉིས།
གཅིག་གཅིག་བཤད་ཤག་གཉིས་གཉིས་ལས་འདུག་གསུམ།
༡༢༣༤
ཁ་མཚར་གི་གླུ་འདི་སུ་ཕོག་ན་དེ་ཡིན།