谢旦歌曲封面
00:00
03:19
🔊

玉龙骏马

专辑
玉龙骏马
发行日期
2025-03-17
流派
暂无
时长
03:19
播放次数
2,356,789
收藏人数
156,432
歌词
相关信息

作词 : 日甲

作曲 : 曲迈才让

ཡུལ་འདི་སྡེ་ཆེན་སྡེ་ཆུང་།

སྐྱིད་པོ་སྦྲ་ནག་ཁྲི་སྡེ།

སྨུག་པོ་སྦྲ་ཡི་ཕྲ་རྒྱན། །

རྟ་ཕོ་གཡུ་འབྲུག་རང་བྱོན། །

གནམ་སའི་ཧྲག་བར་བརྒྱུད་ནས། །

ལྷང་ལྷང་ཐེངས་གསུམ་འཚེར་ན། །

སྐྱེས་མཆོག་ཤྭ་བ་སྨུག་ཆུང་། །

རྨི་ལམ་ནང་ལ་འཁོར་ཡོང་། །

མེས་པོ་དཔའ་སྙིང་ཅན་པོའི། །

བཙན་གྱི་དམག་རྟ་ཁྱོད་ཡིན། །

མེས་པོ་དཔའ་སྙིང་ཅན་པོའི། །

བཙན་གྱི་དམག་རྟ་ཁྱོད་ཡིན། །

ས་འདི་ཐང་ཆེན་ཐང་ཆུང་། །

གཡུ་དཀར་མེ་ལོང་རང་འགྲུབ། །

མེ་ལོང་ནང་གི་ནོར་བུ། །

རྟ་ཕོ་གཡུ་འབྲུག་རང་བྱོན། །

ལས་རླུང་ཉི་ཟླའི་རྒྱལ་མཚན། །

ཡངས་མོ་ཐང་ནས་ཕྱར་ན། །

ཁ་རྔོག་སྤྲིན་གྱི་མེ་ཏོག །

རྨི་ལམ་ནང་ན་འཁོར་ཡོང་། །

སྟག་ཤར་ཁ་ལས་ཅན་པོའི། །

སྣང་བའི་གཡུ་རལ་ཁྱོད་ཡིན། །

སྟག་ཤར་ཁ་ལས་ཅན་པོའི། །

སྣང་བའི་གཡུ་རལ་ཁྱོད་ཡིན། །

སྤང་འདི་ཁུགས་ཆེན་ཁུགས་ཆུང་། །

འདོ་རིག་རྟ་ཡི་ཕ་ས། །

རྟ་བརྒྱའི་ནང་གི་ནོར་བུ། །

རྟ་ཕོ་གཡུ་འབྲུག་རང་བྱོན། །

རི་ཆུའི་མཛེས་སྡུག་རུམ་ནས། །

མཐའ་ཡས་རྩྭ་ཐང་བརྒལ་ན། །

རྨིག་བཞི་རླུང་གི་དཀྱིལ་འཁོར། །

རྨི་ལམ་ནང་ལ་འཁོར་ཡོང་། །

འབྲོག་མི་བསོད་ནམས་ཅན་པོའི། །

གཡང་གི་ཁ་འཛིན་ཁྱོད་ཡིན། །

འབྲོག་མི་བསོད་ནམས་ཅན་པོའི། །

གཡང་གི་ཁ་འཛིན་ཁྱོད་ཡིན། །

历史记录

!
提示
播放失败哦,因为我没有版权😂哈哈哈。