泽旺拉姆歌曲封面
00:00
03:31
🔊

欢喜聚会

专辑
欢喜聚会
发行日期
2023-02-22
流派
暂无
时长
03:31
播放次数
2,356,789
收藏人数
156,432
歌词
相关信息

作词 : 珠·索南泽仁

作曲 : 罗布

བསྐལ་བཟང་དགའ་སྟོན།

ཚིག  སྒྲུབ་བསོད་ནམས་ཚེ་རིང་།

དབྱངས།  ནོར་བུ།

གཞས་གཏོང་མཁན། ཚེ་དབང་ལྷ་མོ། བཀྲ་ཤིས་དཔལ་ལྡན།

ང་ཚོ་མཉམ་དུ་འཛོམས་པས་དགའ་བ་ལ། །

འཛོམས་པའི་བསྐལ་བ་ཚེ་སྔོན་ལས་འཕྲོ་རེད། །

ཁ་བའི་མེ་ཏོག་བརྩེགས་པའི་ཞིང་ཁམས་ལ། །

ང་ཚོ་ཚང་མ་ད་རེས་ལེན་གཅིག་འཛོམས། །

ཁ་བའི་མེ་ཏོག་བརྩེགས་པའི་ཞིང་ཁམས་ལ། །

ད་རེས་ལེན་གཅིག་འཛོམས་པའི་ཁྲོམ་པ་ཚོ། །

ཚེ་བསོད་རླུང་རྟའི་རྒྱལ་མཚན་མི་ནུབ་ཅིང་། །

ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་ལམ་འདེབས། །

ཚེ་བསོད་རླུང་རྟའི་རྒྱལ་མཚན་མི་ནུབ་ཅིང་། །

ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་ལམ་འདེབས། །

ང་ཚོ་མཉམ་དུ་འཛོམས་པས་དགའ་བ་ལ། །

འཛོམས་པའི་བསྐལ་བ་ཚེ་སྔོན་བསོད་ནམས་རེད། །

སྙན་པའི་གྲགས་དཀར་མཐོ་བའི་ཕ་ཡུལ་ལ། །

ང་ཚོ་ཚང་མ་ད་རེས་ལེན་གཅིག་འཛོམས། །

སྙན་པའི་གྲགས་དཀར་མཐོ་བའི་ཕ་ཡུལ་ལ། །

ད་རེས་ལེན་གཅིག་འཛོམས་པའི་སྤུན་ཟླ་ཚོ། །

ལོངས་སྤྱོད་བསོད་ནམས་མངའ་ཐང་མི་ཉམས་ཤིང་། །

བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་ལམ་འདེབས། །

ལོངས་སྤྱོད་བསོད་ནམས་མངའ་ཐང་མི་ཉམས་ཤིང་། །

བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་ལམ་འདེབས། །

ཨེ་མ་དགའ་བ་ལ་ཡེ། ཨ་ཧོ་སྐྱིད་པ་ལེ།

བཀྲ་ཤིས་དགེ་མཚན་དར་བའི་གནས་མཆོག་ལ། །

སྔོན་བསགས་ལས་སྨོན་བཟང་པོའི་རྟེན་འབྲེལ་གྱིས། །

མི་འབྲལ་ལྷན་ཅིག་འགྲོགས་པའི་ཡོ་ལང་འདི། །

རྫོགས་ལྡན་བསྐལ་བ་བཟང་པོའི་དགའ་སྟོན་ཡིན། །

མི་འབྲལ་ལྷན་ཅིག་འགྲོགས་པའི་ཡོ་ལང་འདི། །

རྫོགས་ལྡན་བསྐལ་བ་བཟང་པོའི་དགའ་སྟོན་ཡིན། །

རྫོགས་ལྡན་བསྐལ་བ་བཟང་པོའི་དགའ་སྟོན་ཡིན། །

历史记录

!
提示
播放失败哦,因为我没有版权😂哈哈哈。