冰雪姐妹歌曲封面
00:00
04:51
🔊

格萨尔王与珠姆王妃

专辑
格萨尔王与珠姆王妃
发行日期
2020-05-17
流派
暂无
时长
04:51
播放次数
2,356,789
收藏人数
156,432
歌词
相关信息

作词 : 岗尖土登扎西

作曲 : 智王桑珠

编曲 : 智王桑珠

录音:巴·阿普

སྔོན་ཆད་ཀྱི་དུས་རབས་ཤིག་ན།

ངོ་མཚར་གྱི་སྒྲུང་གཏམ་ཞིག་ཡོད།

དེ་ཡི་མིང་ལ་གླིང་དཀར་རྒྱལ་བོ་ཟེར།

ངག་གི་སྒྲུང་གཏམ་ཨ་ཕོ་ཇོ་རུ་ཉིད།

བསྟོད་པའི་མེ་ཏོག་དབང་མེད་གདངས་ཀྱིས་བྱུགས།

གསེར་གྱི་ཕོར་བ་འོ་ཇ་མངར་མོའི་བཀང་།

གཡུལ་གྱི་ལྟད་མོ་འཛམ་གླིང་ཁྱོན་ལ་བཤམས།

ཨ་ལ་ཡེ།

ཨ་ཕོ་ཇོ་རུ་ལགས།

ཨ་ལ་ཡེ།

སེང་ཆེན་ནོར་བུ་མཆོག།

ངས་ཁྱེད་ཉིད་ཀྱི་སྒྲུང་གཏམ་ལས་རྨོངས་བ་སེལ་གྱིན་ཡོད།

མཐའ་བྲལ་གྱི་སྤང་ཐང་ཅིག་ན།

མཛངས་མ་ཡི་ལང་ཚོ་ཞིག་ཡོད།

ཁོ་མོའི་མིང་ལ་སྐྱ་ལོ་འབྲུག་མོ་ཟེར།

སེམས་ཀྱི་དྲན་ཤིང་སེང་ལྕམ་འབྲུག་མོ་ཉིད།

ཡུལ་གྱི་སྤང་ལྗོངས་བཅོས་མིན་གཏམ་གྱིས་བྱུགས།

དངུལ་གྱི་ཕོར་བ་འོ་ཞོ་སྣུམ་པོའི་བཀང་།

གཤིས་འཇམ་རི་མོ་སྙིང་ཁོང་གཏིང་ལ་བཤམས།

ཨ་ལ་ཡེ།

ཨ་ཅེ་འབྲུག་མོ་ལགས།

ཨ་ལ་ཡེ།

སེང་ལྕམ་འབྲུག་མོ་མཆོག།

ངས་ཁྱེད་ཉིད་ཀྱི་གཏམ་རྒྱུད་ལས་རྨི་ལམ་འཚོལ་གྱིན་ཡོད།

ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ན།

མཛའ་གཞས་ཀྱི་འགྱུར་ཁུག་ཅིག་ཡོད།

དེ་ཡི་མིང་ལ་སེང་འབྲུག་ཞལ་འཛོམས་ཟེར།

གཏམ་གྱི་ཕྲེང་བ་སེང་འབྲུག་ཁ་སྤྲོད་ཉིད།

མིག་གི་དགའ་སྟོན་གར་སྟེགས་སྟེང་དུ་བསྒྱུར།

སྒྲུང་གི་བག་ཆགས་ལྷད་མེད་སྙིང་ལ་སུག།

རྫོགས་མེད་སྙན་ཚིག་ཤོག་དཀར་ངོས་ལ་བྲིས།

ཨ་ལ་ཡེ།

སེང་ཆེན་ནོར་བུ་ལགས།

ཨ་ལ་ཡེ།

སྐྱ་ལོ་འབྲུག་མོ་ལགས།

ངས་ཁྱེད་ཅག་གི་སྒྲུང་གཏམ་དེ་གླུ་རུ་ལེན་གྱིན་ཡོད།

历史记录

!
提示
播放失败哦,因为我没有版权😂哈哈哈。