
酒欢 伴奏
作词 : 普桑多吉
作曲 : 浪者组合
编曲 : 浪者组合
སུ་ཡིས་སྣང་བ་སྐྱིད་ལ་བཀོལ་སོང་།
སུ་ཡིས་བདེ་སྡུག་དང་དུ་བླངས་སོང་།
དེ་ཆང་རེད།
དེ་ཨ་རག་རེད།
སུ་ཡིས་སྤྲོ་བ་མཁའ་ལ་ལྡིང་འདུག
སུ་ཡིས་མིག་ལམ་གློག་གིས་རྒྱང་འདུག
དེ་ང་རེད།
དེ་ཁྱོད་རེད།
ང་ཚོ་ཚང་མ།
ཁྱེད་ཚོ་ཚང་མ།
ཁོང་ཚོ་ཚང་མ་རེད།
ཆང་མཆོད་དེ་གནམ་ལ་གཏོར་དང་།
འགྲིག་བསྡད་ཡོད་རེད།
ཆང་ཕོར་དེ་ཡར་ལ་བཀྱོགས་ཤོག
འཐུང་ཆོག་ཆོག་རེད།
ཞབས་བཏགས་དེ་གཅིག་རྗེས་གཉིས་མཐུད།
གླུ་གཞས་ནི་གཅིག་སྙན་གཉིས་སྙན་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
བདུད་རྩི་འདྲ་བའི་མཆོད་ཆང་འདི།
གཙང་བཞེས་གནང་དང་ཏག་ཏག་རེད།
དགའ་སྤྲོའི་ངང་ནས་ཕེབས་ཤོག
ཉོབ་ནས་མ་འདུག་ལོངས་ཤོག
དགའ་བ་དེ་ཆང་གིས་འདྲེན་ཡོད།
སྐྱོ་བ་དེ་ཆང་གིས་བཟི་ཐལ།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་གསོལ་རོགས། ཆང་གསོལ་རོགས།
དགའ་དགའ་སྤྲོ་སྤྲོ་གནང་དང་།
སྐྱིད་པའི་རྩ་བ་ཚུགས་སོང་།
དགའ་དགའ་སྤྲོ་སྤྲོ་གནང་དང་།
སྐྱིད་པའི་རྩ་བ་ཚུགས་སོང་།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་། ཆང་། ཆང་། ཆང་།
ཁྱོད་ཀྱི་འདོད་པའི་གཟབ་སྤྲོས་གྱོན་ནས་ཕེབས་ཤོག
ཏག་ཏག་རེད།
ཁྱོད་ལ་རན་པའི་གཏེར་གསོ་གཏོང་ནས་ཕེབས་ཤོག
ཏག་ཏག་རེད།
འཁོར་བའི་སྙོགས་འཛིང་དེ་ཚོ་དེ་རིང་ལབ་ཀྱི་མ་འདུག
རྒྱང་ལ་འཕོང་ཐོང་།
རེ་བ་དང་དུང་བ་དེ་ཚོ་དེ་རིང་གླེང་གི་མ་འདུག
ཁ་རོགས་བསྡོད་དང་།
སྔ་འདེང་དང་ཕྱི་འདེང་དེ་ཚོ་དེ་རིང་རྒྱག་གི་མ་འདུག
ལྷོད་ལ་ཕོབ་ཤོག
དགའ་སྐྱོ་དང་ཆགས་སྡང་དེ་ཚོ་ཕར་ཕར་བུད་ཐོང་།
དད་པ་དང་དག་སྣང་དེ་ཚོ་ད་ཚོད་ལ་གླེང་ཚོད་མ་རེད།
འདོད་དོན་དང་ང་རྒྱལ་དེ་ཚོ་རྒྱང་ནས་རྒྱང་ལ་དབྱུག་ཐོང་།
ཚང་མའི་ཆང་ཕོར་ཡར་ལ་སྐྱོག་ཤོག
ཏག་ཏག་རེད།
བདུད་བརྩེ་ཆོད་ཆང་གཙང་གཞེད་གནང་དང་།
ཏག་ཏག་རེད།
དེ་རིང་དགའ་སོང་།
དེ་རིང་སྐྱིད་སོང་།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་ལ་ཞིམ་པོ། ཆང་རེད།
ཆང་། ཆང་། ཆང་། ཆང་།